ཨ་རི་གཞུང་གིས་དམག་དོན་ཐད་འཕུར་གནམ་གྲུ་མཚན་རྟགས་AH-64E Apache དྲུག་རྒྱ་གར་ལ་ཚོང་བར་མུ་མཐུད་གནང་བ།

ཁས་ས་ཕྱི་དྲོ་ཨ་རི་གཞུང་གིས་ཧིན་སྒོར་ས་ཡ་གྲོ་ལར་930 ཅན་གྱི་དམག་དོན་ཐད་འཕུར་གནམ་གྲུ་མཚན་རྟགས་AH-64E Apache དྲུག་རྒྱ་གར་ལ་ཚོང་བར་བཀའ་ཁྲོལ་མུ་མཐུད་གནང་ཡོད་འདུག་ སང་ཉིན་གྱི་ལོ་རྒྱུས་ཅན་གྱི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ལྷན་དུ་ཞི་མོལ་གོང་ལ་དེ་རིང་ཨ་རི་སྲིད་འཛིན་ཀྲ་རམ་མཆོག་སིང་གྷ་པུར་གྱི་སྲིད་བློན་ལི་ཧི་སན་ལུང་ལྷན་དུ་གཞུང་འབྲེལ་གྲོས་མོལ་གནང་རྒྱུ་ཡིན་འདུག་ དབུ་ཁྲིད་རྣམ་གཉིས་ཀྱི་ཐུག་འཕྲད་ཀྱིས་རྗེས་སུ་ངོས་གཉིས་བར་གྱི་གཞུང་འབྲེལ་གྲོས་མོལ་གནང་རྒྱུ་ཡིན་འདུག་ ཨ་རི་གཞུང་གི་ཧསར་འགོད་དྲུང་ཆེ་དང་ལྷོ་ཀོ་རི་ཡས་རྡུལ་ཕྲན་མཆོན་ཆའི་གྲོས་མོལ་བྱེད་མཁན་ཟུར་པ་སཱ་ར་སེན་གྲརས་མཆོག་གིས་བྱང་ཀོ་རི་ཡར་གཞུང་འབྲེལ་ངོ་ཚན་སྣེ་ཁྲིད་གནང་རྒྱུ་ཡིན་འདུག་གོ།