མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་UNGA གྱིས་གྷ་ཛར་པེ་ལེས་ཊེ་ནེན་མང་ཚོགས་གསོད་པའི་དྲག་སྤྱོད་དེར་ཨི་ཛི་རེལ་ལ་ཉེས་འཛུགས་གནང་བ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་UNGA གྱིས་གྷ་ཛར་པེ་ལེས་ཊེ་ནེན་མང་ཚོགས་གསོད་པའི་དྲག་སྤྱོད་གནས་སྟངས་དེར་ཨ་རབ་གྱི་རྒྱབ་སྐྱོར་གནང་བའི་གྲིས་ཆོད་བཞིན་ཨི་ཛི་རེལ་ལ་ཉེས་འཛུགས་གནང་ཡོད་འདུག་ གྲོས་ཆོད་དེར་ཨིཛ་རེལ་གྱིས་ཆེས་མང་པོ་དམག་དཔུང་བེད་སྤྱོད་ལ་ཉེས་འཛུགས་དང་པེ་ལེས་ཊེ་ནེན་མང་ཚོགས་སྲུང་སྐྱོབ་ཀྱི་སློབ་སྟོན་ཡོད་འདུག་ གྲོས་ཆོད་དེ་དག་ཨལ་ཇེ་རི་ཡ་དང་ཊར་ཀི་གཉིས་ཀྱིས་ཁ་མཆེ་རྒྱལ་ཁབ་ཀྱི་སྐུ་ཚབ་ཐད་ངོ་སྤྲོད་རྒྱབ་གཉེར་གནང་ཡོད་འདུག་ ཁ་སང་དགོང་མོ་རྒྱལ་ཁབ་193 ལྡན་པའི་རྒྱལ་སྤྱིའི་ཚོགས་ཆེན་དུ་རྒྱལ་ཁབ་120 ཡིས་གྲོས་ཆོད་དེར་རྒྱབ་སྐྱོར་གནང་བ་དད་རྒྱལ་ཁབ་8 ཡིས་ཁ་གཏད་གནང་ཡོད་འདུག་གོ།