སྲིད་བློན་མོ་དྷི་མཆོག་གིས་ཨེན་གྲི་ཨེ་མཉམ་བསྲེ་གཞུང་འཛིན་སྲིད་དོན་ཚོགས་པས་རྒྱལ་ཡོངས་གོང་འཕེལ་ལས་གཞི་ཐོག་བློན་ཆེན་ལྷན་ཚོགས་ལྷན་དུ་བསྐྱར་ཞིབ་ཚོགས་འདུ་ཚུགས་པ།

ཁས་ས་རྒྱལ་ས་ལྡི་ལིར་སྲིད་བློན་མོ་དྷི་མཆོག་གིས་ཨེན་གྲི་ཨེ་མཉམ་བསྲེ་གཞུང་འཛིན་སྲིད་དོན་ཚོགས་པས་རྒྱལ་ཡོངས་གོང་འཕེལ་ལས་གཞི་ཐོག་བློན་ཆེན་ལྷན་ཚོགས་ལྷན་དུ་བསྐྱར་ཞིབ་ཚོགས་འདུ་ཚུགས་ཡོད་འདུག་ ཚོགས་འདུ་དེར་བློན་ཆེན་འདྲ་མིན་གྱིས་མཉམ་བཞུགས་གནང་ཡོད་འདུག་ སྐུ་ཞབས་མཆོག་གིས་ལྷན་ཚོགས་སྒྲུབ་རྗེས་རེས་གཟའ་ཉི་མར་སྲིད་བློན་མོ་དྷི་དང་སྲིད་འཛིན་ཞི་ཅིང་པིན་གཉིས་ཀྱིས་ངོས་གཉིས་ཀྱི་གཞུང་འབྲེལ་གྲོས་མོལ་གནང་རྒྱུ་ཡིན་པ་བརྗོད་འདུག་ དེ་བཞིན་ད་ལན་གྱི་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་ནི་ཚོགས་རྒྱལ་བར་གྱི་འབྲེལ་ལམ་སྔར་ལས་ལྷག་པར་གོང་འཕེལ་གཏོང་རྒྱུ་ཡིན་བཅས་བརྗོད་དོ།