ཨབ་གན་དང་ཏ་ལི་བན་ཡི་མེ་འཕན་མཚམས་འཇོག་དང་དེའི་བྱ་སྤྱོད།

ཨབ་ཧིན་གཞུང་དང་ཏ་ལི་བན་གྱི་དབུ་ཁྲིད་ནས་ཡོང་རྒྱུ་འདས་པའི་ཁ་ཆེའི་ལོ་གསར་རུ་མེ་འཕན་མཚམས་འཇོག་གི་གསལ་བསྒྲགས་ཀྱི་ངོ་རྒོལ་གེ་ལངས་བྱས་ཡོད་པ་རེད། ཨབ་གན་གཞུང་ནས་ཕྱི་ཟླ་དྲུག་པའི་ཚེས་༡༢་ནས་༢༠་བར་དང་ཏ་ལི་བན་ནས་ཚེས་༡༥་ནས་༡༨བར་ཁྲིམས་ལུགས་ལྟར་འགོ་འཛུགས་རྒྱུ་ཡིན་པ་གསུང་གནང་འདུག། ཨབ་གན་གཞུང་གི་མེ་འཕན་མཚམས་འཇོག་བྱེད་རྒྱུ་དེའི་ནང་དུ་ཕྱི་དམག་གི་ཚོགས་པ་ཨ་ཨེས་དང་ཨལ་ཁུ་ཊ་རྣམས་ཚུད་མེད་པ་རེད། ཡིན་ནའང་རྒྱལ་ཁབ་ནི་འཇིགས་བསྐུལ་རིང་ལུགས་པའི་འབོམ་གྱི་གཏོར་གཤིག་འོག་ཚུད་ཡོད་པ་རེད་དེ་མིན་ཆོས་ཕྱོགས་ཀྱི་རླབས་ཆེན་གྱི་ཟླ་བ་ལ་མི་མང་༥༠འི་སྲོག་ཤོར་ཡོད་པ་རེད།

ཏ་ལི་བན་ནས་མེ་འཕན་མཚམས་འཇོག་འདི་ཨ་རིའི་ན་ཊོ་ཁ་ཕྱོགས་ལ་ནུས་པ་འདོན་ཡོད་པ་མ་རེད། ཨབ་ཛ་ནི་སི་ཐན་ནང་དུ་ཨ་རའི་ན་ཊོ་ཁ་ཕྱོགས་ཀྱི་དཔུལ་དམག་༡༥༠༠༠ཡོད་སྐོར་གསུང་གནང་འདུག། ཨ་རའི་ན་ཊོ་ཁ་ཕྱོགས་ཀྱི་དཔུལ་དམག་རྣམས་སོ་སོའི་སྲུང་སྐྱོབ་དང་གཞན་ནས་འཐབ་རྒོལ་མི་ཡོང་པའི་ཆེད་ཡོན་ཚུལ་ཏ་ལི་ཝན་ནས་བརྗོད་འདུག། ཨ་རའི་ན་ཊོ་ཁ་ཕྱོགས་ཀྱི་དཔུལ་དམག་ནས་ཐེངས་དང་པོ་ཨབ་གན་གཞུང་མཉམ་དུ་མ་མཐུན་བྱས་ཡོད་པ་ནི་ལོ་ངོ་༡༦རིང་གི་འཁྲུགས་འཛིན་རྣམས་མཇུག་བསྡུ་ལྟ་བུ་མཚོན་གྱི་ཡོད་པ་རེད། མེ་འཕན་མཚམས་འཇོག་གི་གསལ་བསྒྲགས་ནི་ཕྱོགས་ཀ་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་གལ་སྲིད་ཐག་གཅོད་འདི་ལག་བསྟར་བྱས་པ་ཡིན་ན་དེའི་ཞི་བདེ་གྲོས་མོལ་ལ་མདུན་བསྐྱོད་བྱེད་ཀྱི་ཡོད་པ་མཚོན།

རྒྱ་གར་ནི་ཨབ་གན་ཡི་བསྐྱར་སྐྲུན་ཀྱི་ཐབས་ལམ་མ་གལ་ཆེན་ཆགས་ཡོད་པ་དང་ཏ་ལི་བན་ནས་གཏོར་གཤག་མ་འཐུད་གཏོང་བཞིན་ཡོད་པ་རེད། རྒྱ་གར་ནས་ཨབ་གན་གྱི་སྲིད་འཛིན་ཨ་རབ་གན་ནི་མཉམ་དུ་ཏ་ལི་བན་ཕྱིར་ཟློག་གི་ཐོག་ལ་ཐད་སྐར་གྲོས་མོལ་གནང་ཡོད་པ་རེད། རྒྱལ་ས་རྡི་ལི་ནས་ཚོར་བ་དྲག་པོའི་ངང་ནས་མེ་འཕན་མཚམས་འཇོག་གི་གསལ་བསྒྲགས་ཀྱི་ཉིན་མོ་ལ་ལྟེ་མོ་ལྟ་ནས་བསྡད་ཡོད་པ་རེད།

ཨ་རི་གཞུང་ནས་ཨབ་གན་མཉམ་དུ་མཉམ་བཞུགས་བྱེས་པ་ཕྱི་ལོ་༢༠༠༡ནས་བཟུང་ད་ལྟ་ཐེངས་དང་པོ་ཆགས་ཡོད་པ་རེད། ཕྱི་ཟླ་༢པའི་ནང་སྐུ་ཞབས་གྷ་ཊི་མཆོག་ནས་ཆབ་སྲིད་ཀྱི་ཚོགས་འདུ་ཞིག་འགོ་འཛུགས་གནང་ཡོད་པ་དང་དེའི་སྐབས་ལ་མེ་འཕན་མཚམས་འཇོག་གི་གནས་དོན་ཐོག་ལ་གླེང་ཡོད་པ་རེད། ཨབ་གན་གཞུང་ནས་འཁྲུག་རྩོད་མེད་པ་བཟོ་རྒྱུའི་སྐོར་འཛམ་གླིང་ཡོངས་ལ་བརྡ་ལན་གཏོང་ཡོད་པ་རེད། ཉེ་འཆར་རང་ཞི་བདེ་འགོ་འཛུགས་ཆེད་དུ་ཨིབ་གྲོ་ཨེ་ཤེ་ཡ་དང་ཀ་བུལ་ནང་དུ་ཆོས་ལུགས་མཁས་དབང་རྣམས་ཚོགས་འདུ་ཚོགས་ཡོད་པ་དང་སྐབས་དེ་དུས་ཨབ་གན་གཞུང་ནས་འཐབ་རྩོད་མེད་པ་བཟོ་རྒྱུ་དང་ཕྱོགས་གཞན་ནས་ཏ་ལི་བན་ནས་ཨབ་གན་གཞུང་དབང་སྒྱུར་བྱེད་རྒྱུ་དམིགས་ཡུལ་ལ་འཛིན་ནས་འཁྲུག་འཛིན་སློང་བཞིན་ཡོད་པ་རེད། ཏ་ལི་བན་གཞུང་ནས་དབང་འཛིན་ཟིན་རྒྱ་དང་སོ་སོ་དབང་ཆ་འཛིན་རྒྱུའི་ཐོག་ལ་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད་ད་ལྟ་ཨབ་ག་ནི་སི་ཏན་ཡི་གྲོང་གསེབ་ རི་དང་མི་མང་མང་པོ་ཡོད་པའི་གྲོང་ཁྱེར་རྣམས་ལ་དབང་ཆ་འཛིན་རྒྱུའི་ཐབས་ལམ་སྤེལ་བཞིན་ཡོད་པ་རེད། ཨབ་ག་ནི་སི་ཏན་ཡི་གྲོང་གསེབ་ རི་དང་མི་མང་མང་པོ་ཡོད་པའི་གྲོང་ཁྱེར་རྣམས་ལ་དབང་ཆ་འཛིན་རྒྱུའི་ཐབས་ལམ་སྤེལ་མིན་ལ་མ་ལྟོ་པ་གང་ལྟར་མེ་འཕན་མཚམས་འཇོག་གི་ཐག་གཅོད་འདི་ཕན་རླབས་ཆེན་པོ་ངོས་འཛིན་བྱས་ཀྱི་ཡོད་པ་རེད། 

གལ་སྲིད་ཨབ་གན་གཞུང་དང་ཏ་ལི་བན་གཉིས་ནས་མེ་འཕན་མཚམས་འཇོགལ་ནན་སྐུལ་བྱས་པ་ཡིན་ན་དེའི་རྒྱུད་ནས་ཕན་ཚུན་གཉིས་བར་ལ་ཡིད་ཆེས་གོང་འཕེལ་གཏོང་གྱི་ཡོ་དཔ་མཚོན་གྱི་ཡོད་པ་རེད། མེ་འཕན་མཚམས་འཇོགལ་ནན་སྐུལ་གཏང་བའི་རྒྱུད་ནས་ཏ་ལི་བན་ནས་རྒྱལ་ཁབ་ནང་དུ་དབང་འཛིན་བྱེད་ཀྱི་མེད་པ་སྟོན་རྒྱུའི་གོ་སྐབས་ཡིན་འདུག། ཏ་ལི་བན་གྱི་དབུ་ཁྲིད་ནས་བཙོན་པ་རྣམས་གློད་གྲོལ་གཏོང་རྒྱ་དང་ནང་མི་རྨམས་སྤུན་མཆེད་ཐུག་དུ་གཏོང་རྒྱུ་བཅས་ཐོག་ལ་དམ་བཅའ་འཕུལ་ཡོད་པ་རེད། ཁ་ཆེའི་རྒྱལ་ཁབ་ཨིན་གྲོ་ཨེ་ཤེ་ཡ་དང་སཧོ་དི་ཨ་ར་བིག་རྣམས་ཀྱང་ཞི་བདེ་བསྐྲུན་རྒྱ་ལ་འབད་བརྩོན་སྤྲོད་ཀྱི་ཡོད་པ་རེད།

མ་དཔེ།   པ་ཀི་སི་ཏན་དང་ཨབ་ག་ནི་སི་ཏན་འཐབ་ཇུས་བཀོད་བསྒྲིགས་པ།