ཨུ་རུ་སུར་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་FIFA World Cup འགོ་ཚུགས་པ: རྩེད་འགྲན་དང་པོར་གནས་བདག་རྒྱལ་ཁབ་ཨུ་རུ་སུ་དང་སཨུ་དྷི་ཨ་རེ་བི་ཡ་གཉིས་འགྲན་བསྡུར་གནང་རྒྱུ།

དེ་རིང་ཕྱི་དྲོ་ཨུ་རུ་སུར་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་FIFA World Cup ཐེངས་21 པ འགོ་འཛུགས་གནང་རྒྱུ་ཡིན་འདུག་ ཟླ་བ་གཅིག་རིང་གི་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་དེར་རྒྱལ་ཁབ་32 རྩེད་འགྲན་མཉམ་བཞུགས་གནང་རྒྱུ་ཡིན་འདུག་ རྐང་སྤོལ་དང་པོར་གནས་བདག་རྒྱལ་ཁབ་ཨུ་རུ་སུ་དང་སཨུ་དྷི་ཨ་རེ་བི་ཡ་གཉིས་འགྲན་བསྡུར་གནང་རྒྱུ་ཡིན་འདུག་ ཇར་མ་ནི་རྐང་སྤོལ་རུ་ཁག་ནི་ད་ལྟའི་ཆར་རྐང་སྤོལ་རྩེད་འགྲན་རྒྱལ་ཁ་ཐོབ་པ་པོ་ཡིན་ཡང་བར་ཛིལ་རུ་ཁག་ནི་སྤྱི་ཡོངས་ཀྱི་ད་ལོའི་རྩེད་འགྲན་ཐོབ་པའི་ཡིད་ཆེས་བྱེད་བཞིན་ཡོད་འདུག་གོ།