ཇ་མུ་ཀཤ་མིར་ཉེན་སྲུང་དམག་མི་ཡིས་ཀིཔ་ཝ་ར་རྫོང་དུ་JeM འཇིག་སྐུལ་དྲག་སྤྱོད་པ་འཛིན་བཟུང་བྱས་པ།

ཁས་ས་ཕྱི་དྲོ་ཇ་མུ་ཀཤ་མིར་ཉེན་སྲུང་དམག་མི་ཡིས་ཀིཔ་ཝ་ར་རྫོང་དུ་JeM འཇིག་སྐུལ་དྲག་སྤྱོད་པ་འཛིན་བཟུང་བྱས་ཡོད་འདུག་ དེ་ཡང་འཛིན་བཟུང་བྱས་ལ་དྲག་སྤྱོད་པ་དེ་ཀུཔ་ཝ་ར་རྫོང་གི་ཀ་ཀ་པོ་རྭ་ཡི་ས་མིར་ཨེ་མཏ་སོ་ཕི་ཡིན་པ་ར་སྤྲོད་བྱུང་ཡོད་འདུག་  ཁོ་བོ་ནི་ཟླ་བ་སྔོན་མའི་ཚེས་28 ནས་བོར་སྟོར་སོང་ཡོད་འདུག་ ཁོ་བོ་འཛིན་བཟུང་སྐབས་མེ་མདའ་ཅིག་དང་མདེའུ་ཁ་ཤས་ལག་སོན་བྱུང་ཡོད་འདུག་ ཁོ་བོ་འཛིན་བཟུང་བྱས་རྗེས་སོ་གྷམ་ཉེན་རྟོག་ཁང་ལ་ད་དུང་དྲི་ཞིབ་ཆེད་ལག་སྤྲོད་བྱེད་ཡོད་འདུག་གོ།