རྒྱ་གར་གྱི་མཚོ་དམག་གྲུ་INS Sumitra མཚན་རྟགས་ཨིན་གྲོ་ནེ་ཤི་ཡའི་ས་བྷང་གྲུ་གཟིང་འབབ་ཚུགས་སུ་བཞུགས་མཁན་གྱི་དམག་གྲུ་ཐོག་མར་འགྱུར་བ།

ཁས་ས་རྒྱ་གར་གྱི་མཚོ་དམག་གྲུ་INS Sumitra མཚན་རྟགས་ཨིན་གྲོ་ནེ་ཤི་ཡའི་ས་བྷང་གྲུ་གཟིང་འབབ་ཚུགས་སུ་བཞུགས་མཁན་གྱི་དམག་གྲུ་ཐོག་མར་འགྱུར་ཡོད་འདུག་ རྒྱ་གར་མཚོ་དམག་གྲུ་INS Sumitra ཨིན་གྲོ་ནེ་ཤི་ཡའི་སྲོལ་རྒྱུན་གྱི་ཁྲབས་གཞས་དང་རོལ་ཆའི་རུ་ཁག་གི་ཁྲབ་སྟོན་ངང་མགྲོན་བསུ་ཟབ་རྒྱས་ཞུ་ཡོད་བཅས་བརྗོད་འདུག་ གྲུ་གཟིངས་འབབ་ཚུགས་སུ་རྒྱ་གར་གྱི་ཨིན་གྲོ་ནེ་ཤི་ཡའི་གཞུང་ཚབ་པ་པི་ཀེ་ར་ཝཏ་དང་ཨིན་གྲོ་ནེ་ཤི་ཡའི་ཕྱི་སྲིད་ལས་ཁུངས་ཀྱི་མ་སྣ་ཁག་རྒྱ་གར་གཞུང་ཚབ་ཁང་གི་ལས་མི་ རྒྱ་གར་གྱི་ཚོང་པ་དང་ཨིན་གྲོ་ནེ་ཤི་ཡའི་མཚོ་དམག་དང་མཁའ་དམག་སོགས་ཀྱི་ཕེབས་བསུ་ཟབ་ཞིང་རྒྱས་པ་ཞུས་སོ།