ཨ་རི་ཡིས་རྒྱ་ནག་ལས་ཕྱི་ཚོང་དངོས་ཟོག་རིན་ཐང་ཨ་རཇ་གྲོ་ལར་ཁྲག་ཁྲིག་200 ཅན་ལ་ཁྲལ་འབབ་ཡོངས་ངེས་པའི་ཐོ་གཞུང་གནང་བ།

ཨ་རི་ཡིས་རྒྱ་ནག་ལས་ཕྱི་ཚོང་དངོས་ཟོག་རིན་ཐང་ཨ་རཇ་གྲོ་ལར་ཁྲག་ཁྲིག་200 ཅན་ལ་ཟླ་བ་དུ་པར་ཁྲལ་འབབ་ཡོངས་ངེས་པའི་ཐོ་གཞུང་བསྟོན་ཡོད་འདུག་ ཐོ་གཞུང་དེ་དག་ལད་རྒྱལ་སྤྱིའི་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དམག་ཁྲུག་ཇེ་འཕེལ་དུ་འགྲོ་བཞིན་ཡོད་འདུག་ སྲིད་འཛིན་ཊ་རམ་མཆོག་གིས་ཟླ་འཁོར་སྔོན་མ་ཨ་རི་ཡི་ཕྱི་ཚོང་དངོས་ཟོག་རིན་ཐང་ཨ་རི་གྲོ་ལར་ཁྲག་ཁྲིག་34 ལ་རྒྱ་གཞུང་གིས་ཁྲལ་བརྒྱ་ཆ་25% དཀྲི་རྗེས་ཡ་ལན་དུ་ཨ་རི་ཡིས་དཔྱ་ཁྲལ་རྒྱག་ཡོད་འདུག་ ཨ་རི་ཡི་ཚོང་ལས་ལྷན་ཁང་གི་ངོ་ཚབ་རྣམས་ཀྱི་དཔྱ་ཁྲལ་དམིགས་སའི་དངོས་ཟོག་ཐད་ཚོགས་འདུ་ཚུགས་རྒྱུ་ཡིན་འདུག་གོ།