ཁས་ས་ཕྱི་དྲོ་ཨུ་རུ་སུར་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་FIFA World Cup ཡི་semifinal རྩེད་འགྲན་དུ་ཀོ་རོ་ཤི་ཡའི་རུ་ཁག་གིས་དབྱིན་ཡུལ་རྐང་སྤོལ་རུ་ཁག་ལ་གོལ་2-1 ཡིས་ཕམ་ཉེས་གཏོང་སྟེ་རྩེད་འགྲན་མཐའ་མར་བཞུགས་པ།

ཁས་ས་ཕྱི་དྲོ་ཨུ་རུ་སུའི་རྒྱལ་ས་མོས་ཀོ་ཡི་ལུཛ་ནི་ཀི་རྩེད་ཁང་དུ་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་FIFA World Cup ཡི་semifinal རྩེད་འགྲན་དུ་ཀོ་རོ་ཤི་ཡའི་རུ་ཁག་གིས་དབྱིན་ཡུལ་རྐང་སྤོལ་རུ་ཁག་ལ་གོལ་2-1 ཡིས་ཕམ་ཉེས་གཏོང་སྟེ་ལོ་རྒྱུས་

ནང་རྩེད་འགྲན་མཐའ་མར་ཐེངས་དང་པོ་བཞུགས་ཡོད་ ཀོ་རོ་ཤི་ཡའི་རུ་ཁག་གི་རྩེད་འགྲན་སྐབས་གོལ་གཅིག་གིས་རྗེས་སུ་ལུས་སྟེ་མཐར་ཆུ་ཚོད་ཕྱེད་ཀའི་དུས་ཡུན་འཕར་མར་ཐོབ་འདུག་ དེ་ཡང་རྩེད་འགྲན་འགོ་ཚུགས་སྟེ་སྐར་མ་ལྔའི་ནང་དབྱིན་ཡུལ་རུ་ཁག་གི་རྩེད་འགྲན་པ་ཀེའི་རེན་ཊིརི་པར་གྱིས་གོལ་བླུགས་སྟེ་རང་ཉིད་རུ་ཁག་ལ་རཉཙེད་འགྲན་སྣེ་ཁྲིད་བྱིན་ཡང་ཁ་གཏད་རུ་ཁག་གི་རྩེད་འགྲན་པ་ཨི་ཝེན་པེ་རི་སེཅ་ཡིས་གོལ་བླུགས་སྟེ་རྩེད་འགྲན་1-1 དུ་རྒྱལ་མེད་ཕམ་བྱུང་ཡོད་འདུག་ དེ་རྗེས་ཆུ་ཚོད་ཕྱེད་ཀའི་རྩེད་འགྲན་དུས་ཡུནའཕར་མའི་ནང་ཀོ་རོ་ཤི་ཡའི་མ་རིཡོ་མེན་ཛུ་ཀིཅ་ཡིས་སྐར་མ་108 ཐོག་གོལ་བླུགས་སྟེ་རང་ཉིད་ཀྱི་རུ་ཁག་ལ་རྩེད་འགྲན་རྒྱལ་ཁ་བསྐྲུན་ནས་ཀོ་རོ་ཤི་ཡའི་ལོ་རྒྱུས་ནང་རྩེད་འགྲན་མཐའ་མར་ཐེདས་དང་པོ་གཏོང་ངོ།