དབྱིན་ཡུལ་གཞུང་གིས་ཨཕ་གྷ་ནིས་ཐན་དུ་དབྱིན་ཇིའི་དམག་མི་གྲངས་འབོར་ཉིས་ལྡབ་གཏོང་རྒྱུ།

ཨ་རི་སྲིད་འཛིན་གྲོ་ནལ་ཊ་རམ་མཆོག་གིས་ཨཕ་གྷ་ནིས་ཐན་གྱི་ཆག་ཉེན་ཅན་གྱི་ཉེན་སྲུང་གནས་སྟངས་འགོག་སླད་རེ་སྐུལ་ཞུ་རྗེས་དབྱིན་ཡུལ་གཞུང་གིས་ཨཕ་གྷ་ནིས་ཐན་དུ་དབྱིན་ཇིའི་དམག་མི་གྲངས་འབོར་ཧ་ལམ་ཉིས་ལྡབ་གཏོང་རྒྱུ་ཡིན་འདུག་ དབྱིན་ཡུལ་སྲིད་བློན་ཐེ་རེ་སཱ་མེ་མཆོག་གིས་ཨཕ་གྷ་ནིས་ཐན་དམག་མིར་ཏ་ལི་བྷན་འཇུག་སྐྱུལ་དྲག་སྤྱོད་རུ་ཁག་དང་ཨིས་ལཱ་མིཀ་མངའ་སྡེའི་ངོ་རྒོལ་གྱེན་ལངས་ཅན་ལྡོག་པར་དམག་མི་440 གསར་པ་གཏོང་སྟེ་ཁྱོན་དམག་མི་1100 ཡོད་པ་གསར་འགོད་གསལ་བསྒྲགས་གནང་འདུག་དབྱིན་ཇིའི་དམག་མི་440 གསར་ལ་རྣམས་ཀྱི་ཨཕ་གྷན་དམག་དཔུང་ལ་རྩལ་སྦྱོང་དང་རོགས་སྐྱོར་གནང་སྟེ་NATO ཡི་དབུ་ཁྲིད་པའི་དམག་སྦྱོང་ལས་འགུལ་Resolute Support་མཚན་རྟགས་སུ་འཇུག་རྒྱུ་ཡིནའདུག་གོ།