མ་ཡན་མར་གྱིས་མི་རིགས་བྱེ་བྲག་པའི་ངོ་རྒོལ་གྱེན་ལངས་ལ་ལྷན་དུ་ཞི་མོལ་ལྷན་ཚོགས་འགོ་ཚུགས་པ།

མ་ཡན་མར་གྱི་དབུ་ཁྲིད་ཨམ་སན་སུ་ཀི་དང་དམག་དཔུང་སྤྱི་ཁྱབ་འགོ་འཛི་་གཉིས་ཀྱིས་རེས་གཟའ་ལྷག་པར་ལོ་བཅུ་ཕྲག་བདུན་ལྷག་འབྲེལ་ལམ་ངལ་དུབ་དང་རྩོད་རྙོག་སེལཐབས་སུ་གྲངས་ཉུང་མི་རིགས་ཀྱི་ངོ་རྒོལ་གྱེན་ལངས་་ལྷན་དུ་རྒྱུན་གནས་ཐུབ་པའི་ཞི་བདེ་ལྷིང་འཇགས་སྐྲུན་སླད་ཞི་མོལ་ལྷན་ཚོགས་འགོ་ཚུགས་ཡོད་འདུག་ ལྕམ་སུ་ཀི་མཆོག་གིས་གཏམ་བཤད་སྐབས་ཞི་མོལ་ལྷན་ཚོགས་འགོར་འགྱང་བྱུང་བ་ན་མང་ཚོགས་ཀྱི་ཞི་བདེ་ཐོབ་པར་གྱོང་འགུད་ཐེབས་པའི་ཉེན་ཁ་ཡོད་བཅས་སེམས་ཚབ་བརྗོད་འདུག་ དུས་རབས་ཉེར་གཅིག་པའི་པེནག་ལོང་ལྷན་ཚིགས་ཐེངས་གསུམ་པ་ཉིན་ལྔ་རིང་ཚུགས་རྒྱུ་ཡིན་འདུག་གོ།