རུས་ཀྱི་སྲིད་འཛིན་པུ་ཊིན་མཆོག་གིས་ཨ་རི་སྲིད་འཛིན་ཊ་རམ་ལྷན་དུ་ཆེ་མཐོའི་གཞུང་འབྲེལ་ཐུག་འཕྲད་གྲོས་མོལ་མ་གནང་གོངཨི་ཛི་རཉལ་སྲིད་བློན་དང་ཨི་རན་གྱི་ཆེ་མཐོའི་གཞུང་འབྲེལ་མི་སྣ་ལྷན་དུ་རེ་མོས་བཞིན་ལོགས་སུ་ཚོགས་འདུ་ཚུགས་རྒྱུ།

རུས་ཀྱི་སྲིད་འཛིན་པུ་ཊིན་མཆོག་གིས་གཟའ་འཁོར་རྗེས་མའི་ཨ་རི་སྲིད་འཛིན་ཊ་རམ་ལྷན་དུ་ཆེ་མཐོའི་གཞུང་འབྲེལ་ཐུག་འཕྲད་གྲོས་མོལ་མ་གནང་གོངཨི་ཛི་རཉལ་སྲིད་བློན་དང་ཨི་རན་གྱི་ཆེ་མཐོའི་གཞུང་འབྲེལ་མི་སྣ་ལྷན་དུ་རེ་མོས་བཞིན་ལོགས་སུ་ཚོགས་འདུ་ཚུགས་རྒྱུ་ཡིན་འདུག་ ཨི་ཛི་རེལ་སྲིད་བློན་བེན་ཇཱ་མིན་ནེ་ཊན་ཡཱ་ཧུ་མཆོག་རུས་སུ་མ་ཕེབས་གོང་རུས་ཀྱི་སྲིད་འཛིན་ལྷན་དུ་སི་རི་ཡ་དང་ཨི་རན་ ཨི་ཛི་རེལ་བཅས་ཀྱི་ཉེན་སྲུང་དགོས་མཁོའིཐོག་གྲོས་མོལ་གལ་ཆེ་གནང་རྒྱུ་ཡིན་ཞེཟ་གསར་འགོད་འགྲེལ་བརྗོད་གནང་འདུག་གོ།