རྒྱ་གར་དང་ལྷོ་ཀོ་རི་ཡའི་འབྲེལ་ལམ། མ་འོངས་པར་གཞི་བཅོལ་བའི་མཉམ་ལས་འཆར་གཞི།

ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་ཉིན་གྲངས་བཞིའི་རིང་རྒྱ་གར་དུ་ཕེབས་སྐབས་སྲིད་བློན་ན་རེནྡྲ་མོ་དི་དང་སྲིད་འཛིན་མུན་ཇེ་ཨིན་རྣམ་གཉིས་ནས་རྒྱ་གར་གྱི་ཤར་ཕྱོགས་ལག་བསྟར་སྲིད་བྱུས་དང་ལྷོ་ཀོ་རི་ཡའི་ལྷོ་ཕྱོགས་སྲིད་བྱུས་གཉིས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བའི་སྒོ་ནས་རྒྱ་གར་དང་ལྷོ་ཀོ་རི་ཡའི་ཕྱོགས་གཉིས་ཀྱི་དམིགས་བསལ་ཐབས་བྱུས་ཟླ་གྲོགས་ཤུགས་བསྐྱེད་ཆེ་རུ་བཏང་ཡོད། རྒྱ་གར་ནང་བཟོས་ཞེས་པ་དང་། རྒྱ་གར་སྒྱུ་རྩལ་ཅན་དུ་བསྒྱུར་ཞེས་པ། ཌི་ཇི་ཊལ་རྒྱ་གར་ཞེས་པ། རྒྱ་གར་འགོ་འཛུགས་བྱོས་ཞེས་པ། མངོན་ཐོན་གྲོང་འཁྱེར་སོགས་རྒྱ་གར་གྱི་ལས་གཞི་གསར་པ་ཁག་གི་ནང་ལ་ལྷོ་ཀོ་རི་ཡ་དེ་ཉིད་ཧ་ཅང་གལ་གནད་ཆེ་བའི་འཕེལ་རྒྱས་ཟླ་གྲོགས་ཤིག་ཆགས་ཡོད་པ་དང་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༥ ནང་སྲིད་བློན་མོ་དི་མཆོག་ལྷོ་ཀོ་རི་ཡར་ཕེབས་སྐབས་འཕེལ་རྒྱས་རོགས་རམ་ཆེད་ཨ་སྒོར་ཐེར་འབུམ་ ༡༠ མཐུན་འགྱུར་བྱས་ཡོད་ལ་རྨང་གཞིའི་ལས་འཆར་ཁག་ལ་ཆེད་བཅག་བུན་གཡར་ཡང་བཏང་ཡོད་པ་རེད།

ལྷོ་ཀོ་རི་ཡའི་བཟོ་བསྐྲུན་སྟོབས་ཤུགས་ཀྱིས་རྒྱ་གར་ནང་བཟོས་ཞེས་པའི་ལས་གཞིར་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། སྲིད་འཛིན་མུན་གྱི་ཕྱོགས་ཕེབས་རིང་སྤྱི་ལོ་ ༢༠༢༠ ཚུན་དུ་ལོ་རེར་ལག་ཐོགས་ཁ་པར་ས་ཡ་ ༡༢༠ ཐོན་སྐྱེད་བྱེད་ནུས་པའི་སེམ་སུང་བཟོ་བསྐྲུན་ཁང་ཞིག་དབུ་ཁྲིད་རྣམ་གཉིས་མཉམ་འདུས་ཐོག་དབུ་འབྱེད་གནང་ཡོད། འདིའི་ཐོག་ནས་ལས་བཞུགས་སྟོང་ཚོ་ཁ་ཤས་བསྐྲུན་རྒྱུ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྲོམ་རའི་ཐོག་ལག་ཐོག་ཁ་པར་ཕྱིར་འཚོང་ཡང་བྱ་རྒྱུ་ཡིན་པ་རེད། དེ་སྔ་སྤྱི་ལོ་་༢༠༡༧ ལོར་ཀི་ཡ་མོ་ཊོར་སི་ཡིས་ཨན་དྲ་པྲ་དེཤ་ནང་རླང་འཁོར་བཟོ་བསྐྲུན་ཁང་ཆེན་པོ་ཞིག་འཛུགས་རྒྱུའི་གྲོས་མཐུན་བཞག་ཡོད་པ་རེད། དེའི་ཐོག་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་ཕྱོགས་ཕེབས་སྐབས་ཚོང་ལས་དང་མངོན་ཐོན་བཟོ་རྩལ། མི་བཟོས་གསང་གསང་ལས། ཆུ་གཙང་བཟོའི་བཟོ་རྩལ་རིན་གོང་ཁེ་བའི་ཐོག་ཚན་རིག་ཞིབ་འཇུག སྐྱེལ་འདྲེན་མ་ལག གྲོང་འཁྱེར་གྱི་རྨང་གཞིའི་ཁྱབ་ཁོངས་ཁག ཁོར་ཡུག་སྲུང་སྐྱོབ་འགོ་འཛུགས། སྒྱུ་རྩལ་སྦྱོང་བརྡར། བསྐྱར་གསོ་འོས་པའི་ནུས་ཤུགས། མཉམ་འདུས་ཉམས་ཞིབ་ལས་འཆར་གྱི་འཆར་གཞི་དང་བཅས་པའི་ལྕགས་ལམ། རྒྱལ་སྤྱིའི་མི་ཀྲོ་འགྲན་རྩོད་གསོ་སྐྱོང་། ཚོང་ལས་སྡེ་ཚན་ཆུང་འབྲིང་ཁག་བཅས་དང་འབྲེལ་བའི་ཐོག་གྲོས་མཐུན་ཁ་ཤས་ཤིག་ལ་མིང་རྟགས་བཀོད་ཡོད།

ལྷོ་ཀོ་རི་ཡའི་སྟོབས་ཤུགས་ནི་གྲུ་གཟིངས་བཟོ་བསྐྲུན། རླང་འཁོར་བཅས་ཡིན་པ་དང་འཕྲུལ་ཆས་ཀྱི་ཐོག་ནས་ཕྱིར་འཚོང་ལ་གཞི་བཅོལ་བའི་དཔལ་འབྱོར་ཞིག་བསྐྲུན་ཡོད་པ་དང་རྒྱ་གར་གྱི་རྒྱ་བསྐྱེད་ཁྲོམ་ར་ཞིག་བསྐྲུན་གྱི་ཡོད་པ་རེད། རྒྱ་གར་གྱི་ IT software དང་ལྷོ་ཀོ་རི་ཡའི་ IT hardware བཟོ་བཀོད། འཆར་འགོད། བཟོ་བསྐྲུན་བཅས་ཀྱི་དབར་ལ་མཐུན་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཇི་ལྟར་ཀྱང་གལ་ཏེ་རྒྱ་གར་གྱིས་ལྷོ་ཀོ་རི་ཡའི་ནང་འདྲེན་ཁྲོམ་རའི་ནང་འཛུལ་རྒྱུའི་དམིགས་ཡུལ་བཟུང་གི་ཡོད་ཚེ་རྒྱ་གར་ངོས་ནས་གཞི་རྩའི་དངོས་ཟོག་གི་ཐོག་ལས་རིམ་མཐོའི་བཟོ་རྩལ་ཐོན་སྐྱེད་ཐོག་དོ་སྣང་བྱེད་དགོས་པ་དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། སྤྱི་ལོ་ ༢༠༡༧ ལོའི་ཕྱོགས་གཉིས་ཀྱི་ཚོང་ལས་ཁྱོར་འབོར་ཨ་སྒོར་ཐེར་འབུམ་ ༢༠ ཟིན་ཡོད་པའི་ནང་ཀོ་རི་ཡས་རྒྱ་གར་ནང་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བྱས་ཚད་ཨ་སྒོར་ཐེར་འབུམ་ ༦.༨ ཟིན་ཡོད་པ་རེད། ཕྱོགས་གཉིས་ཀས་ཕྱོགས་གཉིས་ཀྱི་ཚོང་ལས་ཤུགས་ཆེ་རུ་གཏོང་ཕྱིར་ཁྱབ་ཆེའི་དཔལ་འབྱོར་ཟླ་གྲོས་གྲོས་མཐུན་རིམ་སྤར་ཆེད་གྲོས་མོལ་བྱེད་བཞིན་ཡོད་པ་རེད། མཚོ་འབུ་ཤྲིམ་ཚུད་པའི་ཚོང་ལས་རང་དབང་དང་། ལུས་སྙི་དང་ཉ་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་ངོས་འཛིན་བྱས་པའི་ཐོག་ནས་ཁྱབ་ཆེའི་དཔལ་འབྱོར་ཟླ་གྲོགས་གྲོས་མཐུན་རིམ་སྤར་ལ་མིང་རྟགས་བཀོད་སྐོར་མཉམ་འདུས་སྙན་ཐོ་ཞིག་གི་ནང་བཀོད་ཡོད། རྒྱ་གར་དང་ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་ལས་སྡེ་ཚན་འགན་འཛིན་རྣམས་ཀྱི་སྡིང་ཆའི་ཐོག་ནས་འཕྲུལ་འཁོར་དང་། རྨང་གཞི། ཞབས་ཞུ། འཕྲུལ་ཆས། IT འགོ་འཛུགས་ཁག འཁོར་ཡུག་གསར་གཏོད། རྒྱལ་སྲུང་བཟོ་བསྐྲུན་བཅས་ཚུད་པའི་ཁྱབ་ཁོངས་སྣ་ཚོགས་ནང་ལས་དོན་ཚོགས་པ་ ༦ གི་སྒྲིག་འཛུགས་བཙུགས་ཡོད་པ་རེད།

དབུ་ཁྲིད་གཉིས་ཀས་དམིགས་བསལ་ཐབས་བྱུས་ཟླ་གྲོགས་མཐོར་འདེགས་བྱེད་པའི་ཐོག་ནས་རྒྱལ་སྲུང་བཟོ་ལས་མཉམ་ལས་ཤུགས་ཆེ་རུ་གཏང་རྒྱུར་ནན་ཏན་གནང་ཡོད། དེ་སྔ་སྤྱི་ལོ་ ༢༠༡༧ ལོར་ཕྱོགས་གཉིས་ཀྱིས་གྲུ་བཟིངས་བཟོ་བསྐྲུན་ནང་རྒྱལ་སྲུང་བཟོ་ལས་མཉམ་ལས་ཀྱི་སྲིད་གཞུང་ཕན་ཚུན་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད།

མངའ་ཁུལ་གྱི་གནས་བབ་ཐོག་ནས་བཤད་ན། རྒྱ་གར་དང་ལྷོ་ཀོ་རི་ཡའི་འབྲེལ་ལམ་ནི་མང་གཙོའི་ཡོངས་ཁྱབ་རིན་ཐང་གི་ཀ་བ་དང་། ཁྲོམ་རའི་རང་དབང་གི་དཔལ་འབྱོར། ཁྲིམས་ཀྱི་དབང་བསྒྱུར། ཞི་བདེ་དང་། བསྟན་ལྷིང་། བདེ་འཇགས། གུ་ཡངས། འགྲོ་ལུགས་ལ་གཞི་བཅོལ་བ་བཅས་ཀྱི་རིམ་པར་གཞི་ཚུགས་པ་ཞིག་ཡིན་པ་རེད། དྷི་ལི་གསར་པ་དང་སོལ་གཉི་ནས་མངའ་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ལེགས་སྐྱེས་འབུལ་རྒྱུའི་དམིགས་ཡུལ་ཐོག་ཨབ་གྷན་ནང་ནུས་ཤུགས་འཛུགས་བསྐྲུན་བྱ་རྒྱུ་ནས་འགོ་འཛུགས་ཀྱིས་རྒྱལ་ཁབ་ཨང་གསུམ་པ་ཁག་གི་ནང་ལ་ཕྱོགས་གསུམ་གྱི་འཕེལ་རྒྱས་མཉམ་ལས་གསར་གཏོང་བྱ་རྒྱུ་ཐག་བཅད་ཡོད། མ་ཟད་བྱང་ཤར་ཨེ་ཤི་ཡ་དང་ལྷོ་ཨེ་ཤི་ཡའི་དབར་གྱི་ཁྱབ་གདལ་འབྲེལ་ལམ་ལ་དོ་སྣང་བྱེད་པའི་ཐོག་ནས་རྒྱ་གར་ལྷོ་ཀོ་རི་ཡ་གཉིས་ཀྱིས་གཏོར་བཅོམ་ནུས་པ་ཆེ་བའི་གོ་མཚོན་དང་མཁོ་སྤྲོད་མ་ལག ལྷག་པར་དུ་འཇིགས་སྐུལ་བ་དང་རྒྱལ་ཁབ་མ་ཡིན་པའི་བྱེད་གཏེ་བཅས་པར་མཁོ་སྤྲོད་བྱ་རྒྱུའི་ཁྱབ་གདལ་བཀག་སྡོམ་ཆེད་མཉམ་ལས་བྱ་རྒྱུའི་ཁས་ལེན་བྱས་ཡོད། རྒྱ་གར་གྱིས་ཀོ་རི་ཡ་གླིང་ཕྲན་ནང་ཉིང་རྡུལ་ཡོངས་སུ་མཚམས་འཇོག་བྱ་རྒྱུ་དང་རྒྱུན་གནས་ཞི་བདེ་བསྐྲུན་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་པའི་ཐོག་ནས་ཀོ་རི་ཡ་ཕན་ཚུན་གྱི་ཚོགས་ཆེན་དང་ཟླ་སྔ་མའི་ནང་སིང་ག་པོར་དུ་ཨ་རི་དང་བྱང་ཀོ་རི་ཡའི་ལོ་རྒྱུས་རང་བཞིན་གྱི་ཚོགས་ཆེན་བཅས་ཚུད་པའི་ཀོ་རི་ཡའི་གླིང་ཕྲན་ནང་བྱུང་བའི་འགྱུར་བ་ཁག་ལ་དགའ་བསུ་ཞུས་ཡོད། འདས་པའི་ཀོ་རི་ཡའི་དམག་འཁྲུག་ཁྲོད་རྒྱ་གར་གྱི་ལོ་རྒྱུས་རང་བཞིན་གྱི་ཆ་ཤས་ཤུགས་ཆེ་རུ་གཏོང་བ་དང་ད་ལྟའི་ཆར་ཀོ་རི་ཡའི་ཞི་བའི་གྲོས་མོལ་ནང་འགན་འཁུར་ཆེར་བསྐྱེད་བྱེད་པའི་ཐོག་ནས་སྐུ་ཞབས་མོ་དི་དང་མུན་རྣམ་གཉིས་ཀྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁྱབ་ཆེ་སར་ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུར་དམིགས་པའི་ཐབས་བྱུས་ཟླ་གྲོགས་གཏིང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད།

མ་ཟིན། ཌག་ཌར་ཏིཏ་ལི་བ་སུ། ཤར་དང་ལྷོ་ཤར་ཨེ་ཤི་ཡའི་ཐོག་ཐབས་བྱུས་དཔྱད་ཞིབ་པ།