རྒྱལ་སྤྱིའི་དངུལ་ཁང་གི་ཐོ་གཞུང་དུ་རྒྱ་གར་རྒྱལ་སྤྱིའི་ནང་གི་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་དྲུག་པར་འགྱུརབ།

ཚོང་ལས་དང་བཟི་ཚོང་བློན་ཆེན་སུ་རེཤ་པར་བུ་མཆོག་གིས་སྲིད་བློ་མོ་དྷི་མཆོག་གི་སྣེ་ཁྲིད་འོག་ལོ་ཁ་ཤས་ནང་རྒྱ་གར་གྱི་དཔལ་འབྱོར་ཨ་རི་གྲོ་ལར་ཁྲག་ཁྲིག་ཆེན་པོ་ལྔརའགྱུར་བ་དང་ོ་བཅུ་དྲུག་ནང་གྲངས་འབོར་དེ་འཕར་ནས་གྲོ་ལར་ཁྲག་ཁྲིག་བཅུར་ཆག་པའི་ལམ་དུ་འགྲོ་བཞིན་ཡོད་བཅས་བརྗོད་འདུག་ དེ་ཡང་ལོ་སྔོན་མའི་རྒྱལ་སྤྱིའི་དངུལ་ཁང་གི་ཐོ་གཞུང་དུ་རྒྱ་གར་རྒྱལ་སྤྱིའི་ནང་གི་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་དྲུག་པར་ཆག་པའི་གནས་ཚུལ་ཐོག་མཐར་སོན་དེ་དག་ནི་རྨང་གཞི་དང་སེཀ་ཊར་ཁག་ སྤྱི་ཚོགས་དང་དཔལ་འབྱོར་གྱི་ལེགས་བཅོས་འདྲ་མིན་གྱིས་གྲུབ་འབྲས་ཡིན་བཅས་བརྗོད་འདུག་ དེ་བཞིན་མང་ཚོགས་ཀྱི་མུ་མཐད་ཡོངས་འགྱུར་གྱི་མ་འོངས་ཉེ་པོརདེལྟ་བུའི་གྲུབ་འབྲས་མཐོང་ཐུབ་པའི་ཡིད་བརྟན་གནང་འདུག་ ད་ལྟའི་ཆར་ཨ་རི་རྒྱལ་སྤྱིའི་ནང་དཔལ་འབྱོར་ཆེ་ཤོས་དང་དེ་རྗེས་རྒྱ་ནག་ ཉེ་ཧོང་ ཇར་མ་ནི་དང་དབྱིན་ཡུལ་བཅས་རིམ་བཞིན་ཡིན་འདུག་གོ།