རྒྱ་གར་དང་དབྱིན་ཡུལ་གྱི་དབྱུག་རྩེད་རུ་ཁག་གཉིས་བར་གྱི་ODI གསུམ་གྱི་རྩེད་ཐེངས་དང་པོར་རྒྱ་གར་ཝི་ཀེཊ་བརྒྱད་ཀྱིས་རྒྱལ་ཁ་ཐོབ་པ།

ཁས་ས་དབྱིན་ཡུལ་གྱི་ནོ་ཊིན་ཧམ་གྲོང་འཁྱེར་དུརྒྱ་གར་དང་དབྱིན་ཡུལ་གྱི་དབྱུག་རྩེད་རུ་ཁག་གཉིས་བར་གྱི་ODI གསུམ་གྱི་རྩེད་ཐེངས་དང་པོར་རྒྱ་གར་ཝི་ཀེཊ་བརྒྱད་ཀྱིས་དབྱིན་ཡུལ་ལ་ཕམ་ཉེས་གཏོང་འདུག་ དེ་ཡང་རྒྱ་གར་གྱི་བོ་ལར་ཀུལ་རྡིཔ་ཡཱ་དྷཝ་ཡིས་ཝི་ཀེཊ་བརྒྱད་དང་བྷེ་ཊིང་རོ་ཧིཏ་ཤར་མ་ཡིས་རན་137 ཡིས་རྒྱ་གར་རྩེད་ཐེངས་དང་པོ་ལེགས་པར་ཐོབ་སྟེ་རྩེད་འགྲན་གསུམ་གྱི་འགྲན་བསྡུར་དུ་1-0 ཡིས་སྣེ་ཁྲིད་གནང་བཞིན་ཡོད་དོ།