ན་ཝཛ་ཤ་རིཕ་དང་ཁོང་གི་བུ་མོ་པ་ཀིས་ཐན་ཏུ་ལོག་ཕེབས་མ་ཐག་ཏུ་བཙོན་བཟུང་བྱས་པ།

ཁས་ས་ཕྱི་དྲོ་ལ་ཧོར་གནམ་ཐང་དུ་པ་ཀིས་ཐན་གྱི་སྲིད་བློན་ཟུར་པ་ན་ཝཛ་ཤ་རིཕ་དང་ཁོང་གི་བུ་མོ་དང་སྲིད་དོན་རྒྱུད་འཛིན་གཉིས་ལ་ལྐོག་བརྔན་སྤྲོ་ལེན་གྱི་ཉེས་འཛུགས་ཐོག་པ་ཀིས་ཐན་ཏུ་ལོག་ཕེབས་མ་ཐག་ཏུ་བཙོན་བཟུང་བྱས་ཡོད་འདུག་ དེ་ཡང་པ་ཀིས་ཐན་ཁ་མཆེ་མཐུན་ཚོགས་སྲིད་དོན་ཚོགས་པ་Pakistan Muslim League (N)ཡི་འགོ་འཛིན་ན་ཝཛ་ཤ་རིཕ་དང་དང་མར་ཡམ་གཉིས་ཁ་སང་ཨ་བུདྷ་བི་ནས་པ་ཀིས་ཐན་གྱི་ལ་ཧོར་གནམ་ཐང་དུ་ཕྱིརལོག་ཕེབས་ཡོད་འདུག་ དེ་སྔོན་ན་ཝཛ་ཤ་རིཕ་ཡི་ཆུང་མ་ཀུལ་སུམ་ལན་ཊན་གྲོང་འཁྱེར་དུ་མགྲིན་པའི་འབྲས་གནད་ཀྱི་སྨན་བཅོས་བྱེད་བཞོན་ཡོད་སྟབས་ཡུ་ཨེ་ཨི་ཡི་རྒྱལ་ས་ནས་ལན་ཊན་དུ་ཕེབས་ཡོད་འདུག་ PML (N)སྲིད་དོན་ཚོགས་པའི་མགྲིན་ཚབ་པ་མ་རི་ཡམ་ཨོ་རངག་ཛེབ་ཀྱིས་ཁོང་གཉིས་ར་ཝལ་པིན་གྲི་ཡི་ཨ་རྡིཨ་ལཱ་བཙོན་ཁང་དུ་འཁྱེེར་ཡོད་པ་འགྲེལ་བརྗོད་གནང་འདུག་གོ།