པ་ཀིས་ཐན་དབུས་འོས་བསྡུ་དང་འབྲེལ་སྲིད་དོན་ཚོགས་པའི་མི་མང་སྡེབས་འཛོམས་སུ་བར་རྒྱས་དྲག་སྤྱོད་གཉིས་ཀྱིས་མི་133 ལགས་གསོད་པ་དང་མི་200 ལྷག་རྨས་སྐྱོན་ཤུགས་ཆེན་བྱུང་ཡོད་པ།

ཡོངས་འགྱུར་ཚེས་25 ཡི་པ་ཀིས་ཐན་དབུས་འོས་བསྡུ་དང་འབྲེལ་སྲིད་དོན་ཚོགས་པའི་མི་མང་སྡེབས་འཛོམས་སུ་བར་རྒྱས་དྲག་སྤྱོད་གཉིས་ཀྱིས་མི་133 གསོད་པ་དང་གཞན་མི་200 ལྷག་རྨས་སྐྱོན་ཤུགས་ཆེན་བྱུང་ཡོད་འདུག་  ཁ་སང་འཇིག་སྐྱུལ་དྲག་སྤྱོད་པས་བྷ་ལོ་ཅིས་ཐན་ཨ་ཝ་ནི་སྲིད་དོན་ཚོགས་པའི་དབུ་ཁྲིད་སི་རཇ་རཨི་སཱ་ནི་ཡིས་མི་མང་སྡེབས་འཛོམས་སུ་བར་རྒྱས་དྲག་ཅན་གྱིས་མི་128 གསོད་འདུག་ ས་གནས་གསར་འགོད་ཚོགས་པས་བར་རྒྱས་དྲག་སྤྱོད་ཀྱིས་གསོད་པའི་མོ་གྲངས་ཁུངས་སྐྱེལ་གནང་འདུག་ དེ་བཞིན་མི་200 ལྷག་རྨས་སྐྱོན་དྲག་ཆེན་བྱུང་ཡོད་པ་འགྲེལབརྗོད་གནང་འདུག་ དེ་ཡང་ཁ་མཆེ་འཇིག་སྐྱུལ་དྲག་སྤྱོད་ཚོགས་པ་ཡིས་བར་རྒྱས་དྲག་སྤྱོད་ཀྱི་འགན་ལེན་གནང་ཡོད་འདུག་གོ།