སྲིད་འཛིནརམ་ནཐ་ཀོ་ཝིཌ་མཆོག་གིས་ཆེ་མཐོའི་སློབ་གཉེར་ཁང་ཕན་ཚུན་བར་མཉམ་ལས་གལ་འགངས་ཤིན་ཏུ་ཆེ་བཅས་བརྗོད་པ།

སྲིད་འཛིནརམ་ནཐ་ཀོ་ཝིཌ་མཆོག་གིས་ཤེས་ཡོན་ནི་ས་གནས་གཅུག་ཏུ་ལུས་སྟེ་ཡར་རྒྱས་འགྲོ་མི་སྲིད་པའི་ཆེ་མཐོའི་སློབ་གཉེར་ཁང་ཕན་ཚུན་བར་མཉམ་ལས་ནི་གལ་འགངས་ཤིན་ཏུ་ཆེ་བཅས་བརྗོད་འདུག་ སྲིད་འཛིན་མཆོག་གིས་རེས་གཟའ་ལྷག་པར་རཤ་པ་ཊི་བ་ཝན་དུ་ད་ལོའི་རྒྱ་གར་ཕྱི་འབྲེལ་ཞབས་ཞུ་སློབ་ཐོན་བ་རྣམས་ལ་གཏམ་བཤད་སྐབས་བརྗོད་འདུག་ ཁས་ས་སྲིད་འཛིན་ཀོ་ཝིཎྜ་མཆོག་གིས་དེ་རིང་སྔ་དྲོ་མུམ་བེ་གྲོང་འཁྱེར་དུ་ཞབས་ཞུའི་ཐད་རྒྱལ་སྤྱིའི་འགྲེམ་སྟོན་ཁང་ཐེངས་བཞི་པ་དབུ་འབྱེད་གནང་ཡོད་འདུག་ སྲིད་འཛིན་རམ་ནཏ་ཀོ་ཝིཎྜ་མཆོག་ར་ཇེས་ཐན་དང་མ་ཧ་རཤ་ཊ་ར་མངའ་སྡེར་གཉིར་ཉིན་གསུམ་རིང་གི་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག་ སྲིད་འཛིན་ཀོ་ཝིཎྜ་མཆོག་ར་ཇེས་ཐན་གྱི་ཇོདྷ་པུར་གྲོང་འཁྱེར་དུ་ཕྱི་དྲོ་འབྱོར་རྒྱུ་ཡིན་འདུག་