འདི་བདུན་རྩིའི་རེས་གཟའ་ཕུར་བུར་གྲོས་ཚོགས་གོང་མའི་ཚོགས་གཙོའི་ལས་རོགས་ཀྱི་ས་མི་ཆེད་དུ་འོས་བསྡུ་བྱེད་རྒྱུ་ཡིན་པ།

གྲོས་ཚོགས་གོང་མའི་ཚོགས་གཙོ་ཨེམ་ཝེནཀཱཡཱ་ནཻཌུ་མཆོག་གིས་གྲོས་ཚོགས་སུ་འདི་བདུན་རྩིའི་རེས་གཟའ་ཕུར་བུའམ་འདི་ཟླའི་ཕྱི་ཚེས་༩ ལ་གྲོས་ཚོགས་གོང་མའི་ཚོགས་གཙོའི་ལས་རོགས་ཀྱི་ས་མི་ཆེད་དུ་འོས་བསྡུ་བྱེད་རྒྱུ་ཡིན་པ་རེད་འདུག་   ཚོགས་གཙོ་མཆོག་གིས་ད་དུང་ཁོང་གི་ལས་རོགས་ཀྱི་འོས་འདེམས་མང་མོས་བརྒྱུད་འོས་འདེམས་བྱེད་རྒྱུའི་བསམ་ཚུལ་བརྗོད་གནང་ཡོད་པ་རེད་འདུག།

དེའང་འོས་མིར་བསྐོ་ཆེད་དུ་སྙན་ཞུ་སང་ཉིན་ཉིན་གུང་སྔོན་ལ་ཕུལ་དགོས་པ་རེད་འདུག་   གྲོས་ཚོགས་གོང་མའི་ཚོགས་གཙོའི་ས་མི་ནི་འདི་ལོའི་ཕྱི་ཟླ་༦ ནས་སྐུ་ཞབས་པི་ཇེ་ཀུརེན་མཆོག་ཀོང་རེ་སི་ཆབ་སྲིད་ཚོགས་པའི་བརྒྱུད་གྲོས་ཚོགས་དེ་རང་དུ་འཐུས་མི་རུ་འདེམས་འཐོན་བྱུང་བའི་རྗེས་སུ་རྩ་དགོངས་རྗེས་སུ་སྟོང་པ་ལྷག་ཡོད་པ་རེད་འདུག།