ཉེ་སྔོན་གྱི་ལོ་གསུམ་གྱི་ནང་དུ་ཕྱི་རྒྱལ་རོགས་རམ་སྟངས་འཛིན་གྱི་བཅས་ཁྲིམས་ཀྱི་ནང་དུ་ཡོད་པའི་འཁོ་སྤྲོད་ལས་འགལ་བསའི་གཞུང་འབྲེལ་མིན་པའི་ཚོགས་པ་སྟོང་ཕྲག་བཅུ་གསུམ་ཙམ་གྱི་དེབ་སྐྱེལ་ལ་གཞུང་གིས་རྩི་མེད་གཏོང་ཡོད་པའི་སྐོར།

ཉེ་སྔོན་གྱི་ལོ་གསུམ་གྱི་ནང་དུ་ཕྱི་རྒྱལ་རོགས་རམ་སྟངས་འཛིན་གྱི་བཅས་ཁྲིམས་ཀྱི་ནང་དུ་ཡོད་པའི་འཁོ་སྤྲོད་ལས་འགལ་བསའི་གཞུང་འབྲེལ་མིན་པའི་ཚོགས་པ་སྟོང་ཕྲག་བཅུ་གསུམ་ཙམ་གྱི་དེབ་སྐྱེལ་ལ་ཁས་ས་གཞུང་གིས་རྩི་མེད་གཏོང་ཡོད་པ་རེད་འདུག།

དེའང་ཁས་ས་རེས་གཟའ་མིག་དམར་ལ་གྲིས་ཚོགས་འོག་མའི་ནང་དུ་འདྲི་ལན་སྐབས་སུ་ནང་སྲིད་བློན་ཆེན་གཞོན་པ་ཀིརན་རིཇིཇུ་མཆོག་གིས་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱད་ཅུ་གྱ་དྲུག་གི་ཁྲིམས་འགལ་གྱིས་རྐྱེན་པས་ཉེས་ཆད་ཕྱི་ལོ་2016་ནས་ད་བར་ཧིན་སྒོར་བྱེ་བ་གསུམ་དང་འབུམ་བཅུ་བཞི་ཙམ་རཉགྱབ་ཡོད་སྐོར་གསུངས་འདུག་   ད་དུང་བློན་ཆེན་གཞོན་པ་མཆོག་གིས་གནད་དོན་གཞན་བཞི་དབུས་དཔྱད་ཞིབ་ལྷན་ཁང་ལ་ཤིབ་དཔྱད་ཆེད་དུ་ཕུལ་ཡོད་པའི་སྐོར་གསུངས་འདུག།