བལ་ཡུལ་རྒྱལ་ནང་དུ་འགྲོ་ལམ་འགག་པས་འགྲུལ་སྐྱོད་མི་ཐུབ་པའི་ཀཻལཱཤ་མཱནསཱརོཝར་གནས་འཇལ་བ་མི་བརྒྱ་ལྷག་ཙམ་སིམིཀོཊ་ནས་ནེཔཱལགཱཇཾ་བར་དུ་གནམ་གྲུའི་བརྒྱུད་འཕུར་ཡོད་པ།

བལ་ཡུལ་རྒྱལ་ནང་དུ་འགྲོ་ལམ་འགག་པས་འགྲུལ་སྐྱོད་མི་ཐུབ་པའི་ཀཻལཱཤ་མཱནསཱརོཝར་གནས་འཇལ་བ་མི་བརྒྱ་ལྷག་ཙམ་སིམིཀོཊ་ནས་ནེཔཱལགཱཇཾ་བར་དུ་གནམ་གྲུའི་བརྒྱུད་འཕུར་ཡོད་པ་རེད་འདུག་   དེའང་ཁས་ས་རེས་གཟའ་མིག་དམར་གྱི་ཉིན་མོའི་གུང་ནས་གནམ་གྲུའི་ཞབས་ཞུ་འགོ་བཙུགས་པས་དེའི་ཉིན་རང་སིམིཀོཊ་ནས་ནེཔཱལགཱཇཾ་བར་དུ་མི་བརྒྱ་ཙམ་འཕུར་ཐུབ་ཡོད་པ་རེད་འདུག།

དེ་སྔོན་རེས་གཟའ་ཉི་མ་ནས་ད་བར་གནམ་གཤིས་མི་ལེགས་པས་སིམིཀོཊ་ནས་གནམ་གྲུའི་ཞབས་ཞུ་མཚམས་འཇོག་བྱེད་ཡོད་པ་རེད་འདུག་   ཁས་ས་གནས་འཇལ་བ་བདུན་ཅུ་དོན་ཅིག་ཚོང་འབྲེལ་ངནམ་གྲུའི་བརྒྱུད་ཉེན་སྐྱོབ་ཐུབ་ཡོད་པ་དང་གཞན་གནས་འཇལ་བ་གསུམ་བཅུ་ཙམ་ཐད་འཕུར་གནམ་གྲུའི་བརྒྱུད་ཉེན་སྐྱོབ་ཡོད་པ་རེད་འདུག།