གཞུང་གིས་མི་སེར་རྣམས་སུ་འགྱིག་ལས་བཟོས་པའི་རྒྱལ་དར་བེད་སྤྱོད་མ་བྱེད་པའི་རེ་མོལ་གནང་བ།

གཞུང་གིས་མི་སེར་རྣམས་སུ་འགྱིག་ལས་བཟོས་པའི་རྒྱལ་ཁབ་ཀྱི་དར་ཆ་བེད་སྤྱོད་མ་བྱེད་པའི་རེ་མོལ་གནང་ཡོད་པ་རེད་འདུག་པ་དང་རྒྱལ་ཡོངས་མངའ་ཁོངས་ཀྱི་ས་ཁུལ་ལའང་རྒྱལ་དར་གྱི་སྒྲིག་གཞི་དེ་ལ་བརྩི་བཀུར་ཡང་དག་པ་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པའང་རེད་འདུག།

དེའང་ནང་སྲིད་བློན་ཆེན་ལྷན་ཁང་གིས་མངའ་སྡེ་དང་རྒྱལ་ཡོངས་མངའ་ཁོངས་ཀྱི་ས་ཁུལ་རྣམས་སུ་ལམ་སྟོན་གནང་བའི་ནང་དུ་རྒྱལ་དར་གྱིས་རྒྱ་གར་ཡུལ་མི་རྣམས་ཀྱི་རེ་བ་དང་སྨོན་འདུན་མཚོན་གྱིས་ཡོད་པས་རྒྱལ་དར་དེ་ལ་བརྩི་མཐོང་གི་གོ་གནས་ཤིག་ཕུལ་དགོས་སྐོར་གསུངས་གནང་ཡོད་པ་རེད་འདུག།

རྒྱལ་ནང་དུ་མཛད་རིམ་གལ་ཆེན་འདྲ་མིན་གྱི་ནང་དུ་རྒྱལ་དར་རཉནམས་ཤོག་བུའི་བཟོས་དགོས་ཟཙབ་ཏུ་འགྱིག་ཚི་ལས་སྒྲུབས་ཡོད་པ་དེ་ནང་སྲིད་བློན་ཆེན་ལྷན་ཁང་གིས་གསན་འཐོས་བྱུང་ཡོད་པའི་སྐོར་ཡང་གསུངས་འདུག།