ཀེ་རེ་ལར་ཆར་རླུང་དྲག་ཆེན་དང་ས་རུས་ཀྱིས་གསོད་པའི་མི་གྲངས་འཕར་སྟེ་22 སླེབས་པ།

༄། ཀེ་རེ་ལར་ཆར་རླུང་དྲག་ཆེན་དང་ས་རུས་ཀྱིས་གསོད་པའི་མི་གྲངས་འཕར་སྟེ་22 སླེབས་ཡོད་འདུག་ དེ་ཡང་ཀེ་རེ་ལར་བར་ཆ་མེད་པའི་ཆར་རླུང་དྲག་པོ་རྒྱག་སྟེ་མངའ་སྡེ་ཡོངས་སུ་གནོད་སྐྱོན་ཆེན་པོ་བཟོས་པ་མཟད་ལྷག་པར་དུ་བྱང་ཕྱོགས་རྫོང་དུ་གནོད་སྐྱོན་མངཤོས་བཟོས་ཡོད་འདུག་ མངའ་སྡེ་ཡི་ཆུ་མཛོད་ཁག་གི་ཆུ་མཐོ་ཚད་འཕར་སྟེ་ཤོང་ཚད་ཆེ་ཤོས་སླེབས་ནས་ཆུ་མཛོད་22 ཀྱི་སྒོ་ཕྱེད་དེ་མང་སྐྱོན་ཆུ་གློད་འདུག་ རྒྱལ་ཡོངས་རྐྱེན་ངན་རོགས་སྐྱོར་ཚོགས་པའི་རུ་ཁག་གཉིས་ཉེན་སྐྱོབ་ལས་གཞིར་བཞུགས་ཡོད་འདུག་གོ།