རྒྱལ་ཡོངས་རྩེད་མོའི་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་འཆར་དེ་ལ་གྲོས་ཚོགས་ནས་བཀའ་ཁྲོལ་ཐོབ་པའི་སྐོར།

ཁས་ས་རེས་གཟའ་ཕུར་བུར་གྲོས་ཚོགས་གོང་མས་བཀའ་ཁྲོལ་བྱུང་བས་༢༠༡༨ རྒྱལ་ཡོངས་རྩེད་མོའི་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་འཆར་དེ་ལ་གྲོས་ཚོགས་ནས་བཀའ་ཁྲོལ་ཐོབ་ཡོད་པ་རེད་འདུག།

དེའང་གྲོས་ཚོགས་འོག་མས་ཉེ་སྔོན་གཟའ་འཁོར་གྱི་སྐབས་ལ་བཀའ་ཁྲོལ་བྱུང་ཡོད་པ་ཞིག་ཡིན་པ་རེད་འདུག་   ཁྲིམས་འཆར་དེའི་ནང་དོན་གཙོ་བོ་ནི་རྒྱ་གར་མངའ་སྡེ་མཱནིཔུར་གྱི་ནང་དུ་རྒྱལ་ཡོངས་རྩེད་མོའི་གཙུག་ལག་སློབ་གཉེར་ཁང་སྔོན་མེད་པ་དང་གཞན་དང་མཐུན་མོང་མ་ཡིན་པའི་གཙུག་ལག་སློབ་གཉེར་ཁང་ཞིག་རྩེད་མོའི་གོང་སྤེལ་གྱི་ཆེད་དུ་འཛུགས་བསྐྲུན་བྱེད་རྒྱུ་ཡིན་པ་དེ་རེད་འདུག།
ད་དུང་རྩེད་མོའི་ལས་དོན་གྱི་བློན་ཆེན་ཀོལ་ནེལ་སྐུ་ཞབས་རཱཇྱཝརདན་རཱཊོར་མཆོག་གིས་ཁྲིམས་འཆར་དེའི་ཐོག་འགྲོ་གླེང་གི་སྐབས་སུ་སློབ་གཉེར་ཁང་དེའི་གཙོ་འཛིན་ཆེན་མོ་དེ་རྩེད་མོའི་རྒྱབ་སྦྱོང་ཡོད་མཁན་ཞིག་དང་སློབ་སྟོན་པའི་ལྷན་ཚོགས་སུའང་དེ་ལྟར་བསྐོ་རྒྱུ་ཡིན་སྐོར་གསུངས་འདུག།