རྒྱལ་སྲུང་དམག་མི་ཡིས་ཇ་མུ་ཀཤ་མིར་མངའ་སྡེ་ཡི་པུནཅ་རྫོང་དུ་འཇིག་སྐུལ་དྲག་སྤྱོད་པ་རྣམས་ཀྱི་ཉེན་མེད་གབ་གནས་འཛིན་བཟུང་ཐུབ་པ་བྱུང་བ།

༄། ཁས་ས་རྒྱལ་སྲུང་དམག་མི་ཡིས་ཇ་མུ་ཀཤ་མིར་མངའ་སྡེ་ཡི་པུནཅ་རྫོང་དུ་འཇིག་སྐུལ་དྲག་སྤྱོད་པ་རྣམས་ཀྱི་ཉེན་མེད་གབ་གནས་འཛིན་བཟུང་བྱས་སྟེ་མཚོན་ཆ་དང་མེ་མདའ་མང་པོ་ལག་སོན་ཐུབ་པ་བྱུང་ཡོད་འདུག་  དེ་ཡང་ས་གནས་ཉེན་རྟོག་པ་དང་ཉེན་སྲུང་དམག་མི་ཡི་མཉམ་འབྲེལ་ཐོག་ཅཔ་རི་ཡན་ས་གནས་ཀྱི་ཀཐ་པན་ཇལ་ནཱ་ལར་ཉེན་སྲུང་ལས་འགུལ་སྤེལ་སྟེ་འཛིན་བཟུང་ཐུབ་པ་བྱུང་འདུག་ ལག་གསོན་བྱུང་བའི་མཚིན་ཆར་AK-56མེ་མདའ་དང་མདའ་ཤུབ་གསུམ་ AK-47 མེ་མདའ་ཡ་མདའ་ཤུབ་སྟོང་པ་བཞི་ལག་འབོམ་15 AK 47མེ་མདའ་ཡི་མདེའུ་273 AK56 མེ་མདའ་ཡི་མདེའུ་96 ལག་མདའ་དང་མདེའུ་31 ཡིན་འདུག་གོ།