སྲིད་འཛིན་ཀོཝིནྜ་མཆོག་གིས་སྲིད་འཛིན་ཕོ་བྲང་ལ་རང་བཙན་འཐབ་རྩོད་པའི་ཆེ་བསྟོད་ཀྱི་དགའ་སྟོན་སྲུང་བརྩི་གནང་བ།

ཁས་ས་ཕྱི་དྲོར་སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་གིས་སྲིད་འཛིན་ཕོ་བྲང་ལ་རང་བཙན་འཐབ་རྩོད་པའི་ཆེ་བསྟོད་ཀྱི་དགའ་སྟོན་སྲུང་བརྩི་གནང་ཡོད་པ་རེད་འདུག་   དེའང་ཁས་སའི་དགའ་སྟོན་སྲུང་བརྩི་དེ་ནི་རྒྱ་གར་ནས་ཕྱིར་འབུད་ཉིན་མོའི་ལོ་འཁོར་དུས་དྲན་༧༦ པ་དེ་ཡིན་པ་དང་བསྟུན་ནས་ཚོགས་པ་ཅིག་རེད་འདུག་   སྲིད་འཛིན་མཆོག་གིས་རང་རེའི་ཕོ་བྲང་གི་ནང་དུ་རྒྱལ་ཁབ་ཡོངས་ནས་རང་བཙན་འཐབ་རྩོད་པ་༨༩ འཚམས་འདྲིཞུ་གནང་འདུག།

ད་དུང་ཁས་སའི་དགའ་བསུ་དེར་སྲིད་བློན་ནཱརེནཌྲཱ་མོདི་མཆོག་ཀྱང་བཅར་ཡོད་པ་དང་འཐབ་རྩོད་པ་ལྷན་རྒྱས་རྣམས་སུ་བཀའ་མོལ་གནང་ཡོད་པ་རེད་འདུག་   དེའི་རྗེས་སྲིད་བློན་མོདི་མཆོག་གིས་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་གྱི་ནང་དུ་འཐབ་རྩོད་རྣམས་ཀྱི་རྒྱལ་ཁབ་ལ་ཞབས་འདེགས་རིན་ཐང་ཆེ་བ་ཞིག་གནང་ཡོད་པ་དེར་ཚང་མས་དགའ་འཚོར་ཡོད་སྐོར་གསུངས་འདུག་   གཞན་དགའ་བསུའི་མཛད་སྒོ་དེར་ས྄ེིད་བློན་ཟུར་པ་མཱནམོཧཱན་སིགཾ་མཆོག་དང་བློན་ཆེན་རཱཇནཱཐ་སིགཾ་མཆོག་དང་གཞན་གནད་ཡོད་མི་སྣ་དུ་མ་ཕེབས་ཡོད་པ་རེད་འདུག།