ཨིན་གྲོ་ནེ་ཤི་ཡའི་ལོམ་བྷཀ་མཚོ་གླིང་དུ་ས་ཡོམ་དྲག་ཆེན་རྗེས་ས་འགུལ་ཆུང་ངོ་བྱུང་སྟེ་གསོན་གནས་པ་རྣམས་ལ་ཞེ་སྣང་སྐུལ་བ།

༄། ཁས་ས་ཨིན་གྲོ་ནེ་ཤི་ཡའི་ལོམ་བྷཀ་མཚོ་གླིང་དུ་ས་ཡོམ་དྲག་ཆེན་རྗེས་ས་འགུལ་ཆུང་ངོ་བྱུང་སྟེ་གསོན་གནས་པ་རྣམས་ལ་ཞེ་སྣང་སྐུལ་ཡོད་འདུག་ དེ་ཡང་ཉིན་བཞི་སྔོན་ཨིན་གྲོ་ནེ་ཤི་ཡའི་མཚོ་གླིང་ལོམ་བྷོཀ་རུ་ས་ཡོམ་དྲག་ཆེན་རྒྱག་སྟེ་མི་82 གསོད་པ་དང་མི་བརྒྱ་ཕྲག་མང་པོ་རྨས་སྐྱོན་བྱུང་ཡོད་འདུག་ ཨིན་གྲོ་ནེ་ཤི་ཡའི་རྐྱེན་ངན་ལྷན་ཁང་གིས་ས་ཡོམ་དྲག་ཆེན་གྱིས་ཁང་པ་སྟོང་ཕྲག་མང་པོ་གཏོར་བཤིག་གཏོང་ཡོད་པ་བརྗོད་འདུག་ གཏོར་སྐྱོན་ཕལ་མོ་ཆེ་ལོམ་བྷོཀ་ཡི་གྲོང་འཁྱེར་གཙོ་མ་ཏ་རམ་དུ་བྱུང་ཡོད་འདུག་ དེ་ཡང་སོ་ཡོམ་ཤུགས་ཚད་རིཀ་ཊར་སཀེལ་7 ཅན་གྱི་ས་སྒུལ་ཉེ་འཁོར་གྱི་མཚོ་གླིང་བྷ་ལིར་ཚོར་ཐུབ་པ་དང་་རྐྱེན་ངན་དེ་དག་གིས་ས་གནས་མི་དང་ཡུལ་སྐོར་སྤྲོ་ཆམ་པའི་སེམས་ནང་ངང་ཚབ་སློང་འདུག་ མི་སྟོང་ཕྲག་མང་པོ་རང་རེའི་ཁང་པ་ལས་ཕྱིར་ཨ་རི་ས་གཤིས་རིག་པའི་ལྷན་ཁང་གིས་ས་ཡོམ་གྱི་ས་འགུལ་ལྟེ་གནས་ས་འོག་ཀི་ལོ་མི་ཊར་10 རུ་ཡིན་པ་དང་ས་ཡོམ་དེ་རྗེས་ས་འགུལ་ཆུང་སྲས་ད་དུང་བཅུ་གཉིས་ལྷག་བྱུང་ཡོད་བཅས་འགྲེལ་བརྗོད་གནང་འདུག་གོ།