ཉེ་འོང་རྒྱལ་ནང་དུ་ཉེན་སྐྱོབ་བྱེད་མཁན་གྱི་ཐད་འཕུར་གནམ་གྲུའི་ནང་དུ་ཡོད་པའི་ཉེན་སྐྱོབ་པ་༩ བརྡབ་ལྷུང་གིས་འདས་གྲོངས་སུ་ཕྱིན་ཡོད་པ།

ཉེ་འོང་རྒྱལ་ནང་དུ་ཉེན་སྐྱོབ་བྱེད་མཁན་གྱི་ཐད་འཕུར་གནམ་གྲུའི་ནང་དུ་ཡོད་པའི་ཉེན་སྐྱོབ་པ་༩ བརྡབ་ལྷུང་གིས་འདས་གྲོངས་སུ་ཕྱིན་ཡོད་པ་རེད་འདུག་   དེའང་ཐད་འཕུར་གནམ་གྲུ་དེ་ནི་ཉེ་འོང་རྒྱལ་ས་ཊོག་ཡོ་ཡི་བྱང་ཁུལ་དུ་ཡོད་པའི་རི་ཞིག་དང་བརྡབ་སྟེ་ལྷུང་བས་དེའི་ནང་ཡོད་པའི་ཉེན་སྐྱོབ་པ་༩ ཚང་མ་འདས་གྲོངས་སུ་སོང་ཡོད་པ་རེད་འདུག་   དེའང་གཞུང་འབྲེལ་ལས་བྱེད་རྣམས་ཀྱིས་ཐད་འཕུར་གནམ་གྲུ་དེ་རེས་གཟའ་པ་སངས་ལ་བརྡབ་ལྷུང་གི་རྐྱེན་ཉེན་བྱུང་ཡོད་པ་རེད་འདུག།