བལ་ཡུལ་གྱི་རྒྱལ་ས་ཀཊ་མན་གྲུར་BIMSTEC ཚོགས་པའི་ཆེས་མཐོའི་ལས་བྱེད་རྣམས་ཀྱི་དམིགས་བསལ་ཚོགས་འདུ་ཚུགས་པ།

༄། རེས་གཟའ་སྤེན་པར་བལ་ཡུལ་གྱི་རྒྱལ་ས་ཀཊ་མན་གྲུར་Bay of Bengal Initiatives for Multi-Sectoral, Technical and Economic Cooperation(BIMSTEC) ཚོགས་པའི་ཆེས་མཐོའི་ལས་བྱེད་རྣམས་ཀྱི་དམིགས་བསལ་ཚོགས་འདུ་ཚུགསཡོད་འདུག་ ད་ལན་གྱི་དམིགས་བསལ་ཚོགས་འདུ་དེ་ནི་ཡོངས་འགྱུར་གྱི་ཚེས་30 དང་31 བཅས་ཉིན་གཉིས་རིང་གི་བྷིམས་ཊེཀ་མཉམ་སྦྲེལ་ལྷན་ཚོགས་ཐེངས་4 པའི་གྲ་སྒྲིག་ཡིན་འདུག་ ཚོགས་འདུ་དེར་ཚོགས་མི་རྒྱལ་ཁབ་ཡོངས་ཀྱི་ཆེས་མཐོའི་ལས་བྱེད་དངབྷིམས་ཊེཀ་སྤྱི་ཁྱབ་དྲུང་ཆེ་ཡིས་མཉམ་བཞུགས་གནང་ཡོད་འདུག་ དམིགས་བསལ་ཚོགས་གྲུབ་རཉཇེས་གསར་འགོད་པ་རྣམས་དང་བཅར་འདྲི་སྐབས་བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཤན་ཀར་དྷས་བྷའི་ར་གི་མཆོག་གིས་བྷིམས་ཊེཀ་མཉམ་སྦྲེལ་གྱི་གཞི་སྒྲོམ་དང་ལམ་ལུགས་ བྱེད་ལུགས་ལ་སོགས་གནད་དོན་འདྲ་མིན་ཐད་གྲོས་མོལ་ལེགས་པར་གནང་བ་འགྲེལ་བརྗོད་གནང་འདུག་ མཉམ་སྦྲེལ་ཚོགས་པ་དེ་ཕྱི་ལོ་1997 ལོར་གསར་འཛུགས་གནང་ཞིང་ཚོགས་མི་རྒྱ་གར་དང་བལ་ཡུལ་ སི་རི་ལང་ཀ་ འབྲུག་ མ་ཡན་མར་ བྷང་ལ་དེཤ་དང་ཐའི་ལེཌ་བཅས་རྒྱལ་ཁབ་བདུན་ཡོད་འདུག་གོ།