རྒྱ་གར་གནམ་གཤིས་མཚན་པས་ཡོང་རྒྱུའི་ཚོུད་༤༨ ལ་མངའ་སྡེ་༡༦ གི་ནང་དུ་ཆར་པ་ཆེན་རྒྱབ་རྒྱུ་ཡིན་པའི་སྔོན་བརྡ་གཏོང་བ།

རྒྱ་གར་གནམ་གཤིས་མཚན་པས་ཡོང་རྒྱུའི་ཚོུད་༤༨ ལ་མངའ་སྡེ་༡༦ གི་ནང་དུ་ཆར་པ་ཆེན་རྒྱབ་རྒྱུ་ཡིན་པའི་སྔོན་བརྡ་གཏོང་གནང་ཡོད་པ་རེད་འདུག།

རྒྱལ་ཡོངས་གནམ་གཤིས་ཚན་པ་གྱི་འགོ་འཛུན་སྐུ་ཞབས་མི་རི་ཏུན་ཇེ་མོ་ཧཱ་པཏ་རཱ་མཆོག་གིས་གནས་བབས་ཆ་ཚང་ཉམས་ཞིབ་གནང་རྗེས་མངའ་སྡེར་ཆར་རླུང་འགོ་ཚུགས་གསལ་བསྒྲགས་གནང་བ་བརྗོད་འདུག་ ཁས་ས་ཀེ་རེ་ལར་ཆར་རླུང་འགོ་ཚུགས་རྗེས་རྒྱལ་ཡོངས་སུ་ཟླ་བཞི་རིང་གི་ཆར་དུས་འགོ་འཛུགས་ཡོད་འདུག་ ཕྱི་ཟླ་དྲུག་པའི་ཚེས་༡ ནི་གཞུང་འབྲེལ་ཆར་དུས་འགོ་འཛུགས་ཀྱི་དུས་ཡུན་ཡིན་པ་དང་རྒྱལ་ཡོངས་སུ་ཆར་རླུང་ཁྱབ་པར་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་འགོར་གྱིས་ཡོད་ རྒྱལ་ཡོངས་གནམ་གཤིས་ལྷན་ཁང་གི་ད་ལོ་ནམ་རྒྱུན་ལྟར་ཆར་པ་རྒྱག་པའི་གསལ་བསྒྲགས་གནང་ངོ།