རྒྱ་གར་དང་དབྱིན་ཡུལ་གཉིས་བར་གྱི་ཊེས་རྩེད་འགྲན་གཉིས་པའི་ཉིན་གསུམ་པར་དབྱིན་ཡུལ་རུ་ཁག་གི་རྩེད་འགྲན་པ་ཀི་རིས་ཝོཀས་མཆོག་གིས་རན་བརྒྱ་བཟོས་སྟེ་དབྱིན་ཡུལ་རུ་ཁག་གི་ཁྱོན་རན་ཡག་པོ་བཟོས་པ།

༄། དབྱིན་ཡུལ་གྱི་ལོཊས་རྩེད་ཁང་དུ་འགྲོ་བཞིན་པའི་རྒྱ་གར་དང་དབྱིན་ཡུལ་གཉིས་བར་གྱི་ཊེས་རྩེད་འགྲན་གཉིས་པའི་ཉིན་གསུམ་པར་དབྱིན་ཡུལ་རུ་ཁག་གི་རྩེད་འགྲན་པ་ཀི་རིས་ཝོཀས་མཆོག་གིས་རན་བརྒྱ་བཟོས་སྟེ་དབྱིན་ཡུལ་རུ་ཁག་གི་ཁྱོན་རན་357 བཟོས་འདུག་ ཁྱོན་རན་དེ་དག་གིས་དབྱིན་ཡུལ་རུ་ཁག་ཊེས་རྩེད་འགྲན་གཉིས་པ་ཐོབ་པའི་གནས་སྟངས་ལེགས་པར་བཟོས་ཡོད་འདུག་གོ།