སྲིད་བློན་མོ་དྷི་མཆོག་གིས་IIT སློབ་ཕྲུག་རྣམས་ལ་རྒྱ་གར་གསར་གཏོད་དང་ཁེ་ལས་ཀྱི་ལྟི་གནས་ལྟ་བུ་བཟོས་པར་འབོད་པ།

༄། སྲིད་བློན་མོ་དྷི་མཆོག་གིས་གྱི་རྒྱ་གར་བཟོ་ལས་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་རྒྱ་གར་གསར་གཏོད་དང་ཁེ་ལས་ཀྱི་ལྟི་གནས་ལྟ་བུ་བཟོས་པར་འབོད་སྐུལ་ཞུས་འདུག་ བོམ་བེ་གྲོང་འཁྱེར་གྱི་རྒྱ་གར་བཟོ་ལས་སློབ་གཉེར་ཁང་IITཡི་ སླབ་པ་མཐར་སོན་པའི་མཛད་སྒོ་ཐེངས་56 པར་སྲིད་བློན་མཆོག་གིས་དུས་རབས་ཉེར་གཅིག་པར་གསར་གཏོད་ནི་རྒྱལ་སྤྱིའི་ནང་འཐེན་ཤུགས་ལྟ་བུ་ཡིན་འདུག་ ཁོ་བོས་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་གསར་གཏོད་མ་བྱེད་ཚེ་སྤྱི་ཚོགས་དེ་འཕེལ་རྒྱས་མེད་པར་རང་སོར་གནས་རྒྱུ་ཡིན་ཞེས་བརྗོད་འདུག་ སྲིད་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་གནམ་གཤིས་འགྱུར་ལྡོག་ཚབས་ཆུང་དུ་གཏོང་བ་དང་ཞིང་ལས་ཀྱི་ཐོན་སྐྱེད་གོང་འཕེལ་གཏོང་བ་དད་ནུས་པ་གཙང་མ་ ཆུ་ཉར་ཚགས་ལ་སོགས་པའི་དཀའ་རྙོག་སོགས་སེལ་བར་འབད་པ་སྐྱོན་པར་འབོད་སྐུལ་ཞུས་འདུག་གོ།