སྲིད་འཛིན་ཀོ་ཝིཌ་མཆོག་གིས་OBC ལྷན་ཚོགས་ལ་ཁྲིམས་དོན་གོ་གནས་བྱིན་པའི་ཁྲིམས་དོན་ལེགས་བཅོས་ཁྲིམས་འཆར་123 པར་ཆོག་མཆན་གནང་བ།

༄། རེས་གཟའ་སྤེན་པར་སྲིད་འཛིན་རམ་ནཐ་ཀོ་ཝིཌ་མཆོག་གིས་OBC ལྷན་ཚོགས་ལ་ཁྲིམས་དོན་གོ་གནས་བྱིན་པའི་ཁྲིམས་དོན་ལེགས་བཅོས་ཁྲིམས་འཆར་123 པར་ངོས་ལེན་ཆོག་མཆན་གནང་ཡོད་འདུག་ དེ་ཡང་ཁྲིམས་འཆར་དེ་དག་རེས་གཟའ་པ་སངས་སུ་ཆར་དུས་གྲོས་ཚོགས་མཇུག་སྒྲིལ་སྐབས་བཀའ་འཁྲོལ་ཐོབ་པར་གཏོང་ཡོད་འདུག་ ཁྲིམས་ཡིག་དེ་ཡིས་OBCs ཡི་ཐོབ་ཐང་དང་ཁེས་ཕན་སྲུང་སྐྱོབ་བྱས་པར་OBC ལྷན་ཚོགས་ལ་ནུས་པ་ཆཚང་སྤྲོད་ཡོད་དོ།