ཨི་རན་སྲུང་དམག་གིས་ཨིརག་ས་མཚམས་ཉེ་འགྲམ་དུ་དྲག་སྤྱོད་པ་༡༠ གསོད་ཡོད་སྐོར་གསུངས་བ།

ཁས་ས་རེས་གཟའ་སྤེན་པར་ཨི་རན་སྲུང་དམག་གིས་ཨིརག་ས་མཚམས་ཉེ་འགྲམ་དུ་དྲག་སྤྱོད་པ་༡༠ གསོད་ཡོད་སྐོར་གསུངས་ཡོད་པ་རེད་འདུག།

ཨིས་རེལ་གྱི་གནམ་དམག་གིས་སི་རི་ཡའི་རྒྱལ་ནང་དུ་ཡོད་པའི་ཨི་རན་གྱི་དམག་སྒར་ཁག་ལ་མེ་ཤུགས་འཕུར་མདའ་ལན་འདེབས་སུ་དམག་འཐབ་བྱས་ཡོད་པ་རེད་འདུག།

མི་མང་རྣམས་ག་ཛ་ནང་དུ་རང་ཅག་ལོག་ཡོང་ཆེད་དུ་ཨི་ཇིབ་ཊ་རྒྱལ་ནང་གི་ར་ཕ་ས་མཚམས་ཉིན་གསུམ་གྱི་རིང་པེ་ལིས་ཊིན་གྱི་མི་བརྒྱ་ཕྲག་མང་པོ་རང་ཁྱིམ་དུ་ལོག་རྒྱུའི་ཆེད་དུ་འགོ་བསྐྱར་དུ་ཕྱེ་འདུག་

ཨི་ཇིབ་ཊའི་གཞུང་གི་འགན་འཛིན་གྱི་ར་ཕ་ས་མཚམས་དེ་ཉིན་༣ རིང་འགོ་ཕྱེ་ཡོད་པ་དེ་རིང་ནས་རེས་གཟའ་ཟླ་བ་བར་འགོ་ཕྱེ་རྒྱུ་ཡིན་སྐོར་གསལ་བཤད་གནང་འདུག་   ག་ཛའི་ས་འཁུལ་དེ་ནི་ཨིས་རེལ་གྱིས་ལོ་༡༠ རིང་འགོ་རྒྱག་སྟེ་བཞག་ཡོད་འདུག།