སྲིད་བློན་མོདི་མཆོག་གིས་ཉིན་རེའི་བྱ་ལས་སྐབས་ཀྱི་སྐད་ཆ་རྣམས་ཀྱི་བརྒྱུད་ཧིནདི་ཁྱབ་བསྒྲགས་བྱེད་དགོས་པའི་ནན་ཚུལ་དུ་རེ་མོལ་གནང་བ།

སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་ཉིན་རེའི་བྱ་ལས་སྐབས་ཀྱི་སྐད་ཆ་རྣམས་ཀྱི་བརྒྱུད་ཧིནདི་སྐད་ཡིག་ཁྱབ་བསྒྲགས་བྱེད་དགོས་པའི་ནན་ཚུལ་དུ་རེ་མོལ་གནང་ཡོད་པ་རེད་འདུག།

ཁོང་གིས་ད་དུང་ཚིག་འཁྲེགས་པོ་རྣམས་གཞུང་འབྲེལ་ལས་ཀའི་ནང་དུ་བེད་སྤྱོད་གང་ཉུང་གཏོང་དགོས་པའི་བཀའ་གནང་འདུག།

ཁས་ས་རྒྱལ་ས་ལྡི་ལིར་དབུས་ཧིནདི་ཚོགས་ཆུང་གི་ཚོགས་འདུ་༣༡ པ་དེར་ཚོགས་གཙོ་གནང་སྐབས་སྲིད་བློན་མཆོག་གིས་གཞུང་ལས་དང་སྤྱི་ཚོགས་ཀྱི་དབར་ཧིནདི་བེད་སྤྱོད་བྱེད་ཆོག་གི་ཁྱད་པར་ཆུང་དུ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་བ་དང་ལས་དོན་དེའི་ཐོག་སླེབ་གཉེེར་ལྟེ་གནས་ཁང་རྣམས་ཀྱིས་རྒྱབ་སྐྱོར་བྱེད་ཐུབ་སྐོར་གསུངས་འདུག།