ལྡི་ལི་སྐོར་སྲུང་བས་ཁ་ཆེའི་མངའ་སྡེ་དྲག་སྤྱོད་ཀྱི་སྡེ་དང་ལྷན་དུ་འབྲེལ་བ་ཡོད་པ་དོག་ཅན་ཡིན་པའི་དྲག་སྤྱོད་པ་གཉིས་འཛིན་བཟུང་བྱེད་ཡོད་པ།

ལྡི་ལི་སྐོར་སྲུང་བའི་དམིགས་བསལ་ཚན་པ་ཡིས་རྒྱལ་ས་ལྡི་ལིར་ཇཱམུ་ཀཱཤྨིར་ནང་གི་ཁ་ཆེའི་མངའ་སྡེ་དྲག་སྤྱོད་ཀྱི་སྡེ་དང་ལྷན་དུ་འབྲེལ་བ་ཡོད་པ་དོག་ཅན་ཡིན་པའི་དྲག་སྤྱོད་པ་གཉིས་འཛིན་བཟུང་བྱེད་ཡོད་པ་རེད་འདུག།

དེའང་ལྡི་ལི་སྐོར་སྲུང་བའི་ས་ཁུལ་གཙོ་དཔོན་སྐུ་ཞབས་པི་ཨེས་ཀུཤཱཝཱ་མཆོག་གིས་གསར་འགོད་པར་དྲག་སྤྱོད་པ་གཉིས་པོ་པཱརཝེཛ་དང་ཇཱམཤེཌ་རེས་གཟའ་ཕུར་བུའི་ཕྱི་དྲོར་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ནས་འཛིན་བཟུང་བྱེད་ཡོད་པའི་སྐོར་གསུངས་བ་དང་ཁོང་གཉིས་པོ་ཀཱཤྨིར་གྱི་ཤོཔེན་ས་ཁུལ་ནས་ཡིན་པའི་སྐོར་གསལ་བཤད་གནང་འདུག།   ད་དུང་སྐོར་སྲུང་བས་དྲག་སྤྱོད་པ་གཉིས་པོའི་མེ་མདའ་དང་ལག་ཐོག་ཁ་པར་ཡང་འཛིན་བཟུང་བྱེད་ཡོད་པ་རེད་འདུག།