ཨཱསཱམ་མངའ་སྡེའི་གཞུང་གིས་ཨེ་ཤི་ཡའི་རྩེ་འགྲན་གྱི་རྟགས་མ་བཞེས་མཁན་ཧིམཱ་ཌཱས་མཆོག་ལ་མངའ་སྡེ་རྩེད་མོའི་སྐུ་ཚབ་ལ་བསྐོ་གཞག་གནང་བ།

ཨཱསཱམ་མངའ་སྡེའི་གཞུང་གིས་ཨེ་ཤི་ཡའི་རྩེ་འགྲན་གྱི་རྟགས་མ་བཞེས་མཁན་ཧིམཱ་ཌཱས་མཆོག་ལ་མངའ་སྡེ་རྩེད་མོའི་སྐུ་ཚབ་ལ་བསྐོ་གཞག་གནང་ཡོད་པ་རེད་འདུག།   དེའང་མངའ་སྡེའི་ཆབ་སྲིད་བློན་ཆེན་སཱརབཱནནྜ་སོནོཝཱལ་མཆོག་གིས་རེས་གཟའ་པ་སངས་ཕྱི་དྲོར་མཛད་སྒོ་ཞིག་གི་ནང་དུ་ལྕམ་སྐུ་ཧིམཱ་མཆོག་ལ་བསྐོ་གཞག་གི་ཕྱག་བྲིས་ཕུལ་གནང་ཡོད་པ་རེད་འདུག།

ད་དུང་མངའ་སྡེའི་ཆབསྲིད་བློན་མཆོག་གིས་མཛད་སྒོ་དེར་གཞུང་གི་ལས་གཞི་ཁེལོ་ཨིན་ཌི་ཡ་ཞེས་པ་དེ་ནི་ཧ་ཅང་གི་ལེགས་སྒྲུབ་བྱུང་ཡོད་པའི་སྐོར་གསུངས་བ་དང་དེང་ཧིམཱ་མཆོག་ལ་གསོལ་རས་ཧིན་སྒོར་བྱེ་བ་༡་༦ བསྩལ་ཡོད་པ་རེད་འདུག།

བློནཆེན་མཆོག་གིས་མངའ་སྡེར་གྲོང་གསེབ་ཀྱི་རྩེ་ཐང་༥༠༠ འཛུགས་བསྐྲུན་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་གནང་འདུག།