པྲཱདཱན་མཱནཏྲི་ཇན་ཨཱརོགྱ་ཡོཇཱནཱ་ཞེས་པའི་སྲིད་བློན་གྱི་ལས་གཞིའི་འོག་ཏུ་ཕྲུ་གུའི་འབྲས་ནད་བཅོས་ཐབས་ཚུད་རྒྱུ་ཡིན་པའི་སྐོར།

གཞུང་གིས་པྲཱདཱན་མཱནཏྲི་ཇན་ཨཱརོགྱ་ཡོཇཱནཱ་ཞེས་པའི་སྲིད་བློན་གྱི་ལས་གཞིའི་འོག་ཏུ་ཕྲུ་གུའི་འབྲས་ནད་བཅོས་ཐབས་ཚུད་རྒྱུ་ཡིན་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག།   དེའང་ནིཏི་ཨཱཡོག་གི་ཚོགས་མི་ཌོག་ཊར་ཝིནོཌ་ཀུམཱར་མཆོག་གིས་རང་རེའི་རླུང་འཕྲིན་ཁང་ལ་ལས་གཞིའི་དེའི་ཐོག་དངུལ་ཚད་ཐག་གཅོད་བྱུང་ཡོད་པའི་སྐོར་གསུངས་བ་དང་ལས་གཞིའི་དེའི་བརྒྱུད་དབུལ་འཕོང་ནང་མི་རྣམས་སུ་འཕྲོད་བསྟེན་གུན་གསབ་ཆེད་དུ་ཧིན་སྒོར་འབུམ་༥ འཕུལ་རྒྱུ་ཡིན་པའི་སྐོར་གསུངས་འདུག།