ནཱརེནཌྲཱ་སིགཾ་ཊོམཱར་མཆོག་གིས་གཞུང་གིས་རྒྱལ་ནང་དུ་གྲོང་གསེབ་ས་ཁུལ་ཡར་རྒྱས་གཏོང་རྒྱུའི་ཐོག་དོ་སྣང་བྱེད་ཀྱིས་ཡོད་སྐོར་གསུངས་བ།

ཁས་ས་རེས་གཟའ་མིག་དམར་ལ་གྲོང་གསེབ་ཡར་རྒྱས་ལས་དོན་གྱི་བློནཆེན་ནཱརེནཌྲཱ་སིགཾ་ཊོམཱར་མཆོག་གིས་གཞུང་གིས་རྒྱལ་ནང་དུ་གྲོང་གསེབ་ས་ཁུལ་ཡར་རྒྱས་གཏོང་རྒྱུའི་ཐོག་དོ་སྣང་བྱེད་ཀྱིས་ཡོད་སྐོར་གསུངས་གནང་ཡོད་པ་རེད་འདུག།   ཁོང་གིས་བཀའ་མོལ་དེ་ནི་ཁས་ས་རྒྱལ་ས་ལྡི་ལིར་ཚོགས་པའི་ཁོང་གི་བློན་ཆེན་ལྷན་ཁང་འོག་ཏུ་ཡོད་པའི་ལས་གཞི་དུ་མའི་རྒྱལ་ཡོངས་བྱ་དགའ་གཟེངས་རྟགས་བསྩལ་རྒྱུའི་མཛད་སྒོ་སྐབས་སུ་གསུངས་གནང་ཡོད་པ་རེད་འདུག།

ད་དུང་ཊོམཱར་མཆོག་གིས་གྲོང་གསེབ་རྣམས་རྒྱལ་ས་དང་མཐུས་ཆེད་དུ་རྒྱ་ལམ་གང་མགྱོགས་འཛུགས་བསྐྲུན་བྱེད་ཀྱིས་ཡོད་པ་དང་དཙུས་གཞུང་གིས་ཐུགས་འགན་བཞེས་པས་གྲོང་གསེབ་ས་ཁུལ་དུ་འཕྲོད་བསྟེན་ཞབས་འདེགས་ལེགས་པོ་དང་ཚད་ལྡན་གྱི་ཤེས་ཡོན་འབྱོར་གྱིས་ཡོད་སྐོར་གསུངས་འདུག།