རྒྱ་གར་དམག་མིས་ཀཱཛཱགིསྟཱན་དང་སོག་པོའི་དམག་མི་དང་ལྷན་དུ་དམག་སྦྱོང་བྱེད་པ།

གཞུང་འབྲེལ་ལས་བྱེད་ཅིག་གིས་ཁས་ས་རེས་གཟའ་མིག་དམར་ལ་རྒྱ་གར་དམག་མིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཀཱཛཱགིསྟཱན་དང་སོག་པོ་གཉིས་པོའི་དམག་མི་དང་ལྷན་དུ་དམག་སྦྱོང་འགོ་བཙུགས་བྱེད་ཡོད་པའི་སྐོར་གསུངས་འདུག་པ་དང་ད་ལེན་གྱི་དམག་སྦྱོང་དེ་ནི་ཨ་རི་དང་གཞན་རྒྱལ་ཁབ་འདྲ་མིན་གྱི་ལྷན་དུ་དམག་སྦྱོང་འགྲོ་བཞིན་པ་དང་བྱེད་རྒྱུ་ཡིན་པའི་དམག་སྦྱོང་གི་འདི་ཟླའི་གྲངས་༤ ལ་སླེབས་ཡོད་པ་རེད་འདུག།
དེའང་རྒྱ་གར་དམག་མི་ཡིས་གསལ་བསྒྲགས་ཀྱི་ནང་དུ་རྒྱ་གར་དམག་མི་དང་ཀཱཛཱགིསྟཱན་དམག་མི་རྣམས་ཀྱི་དམག་སྦྱོང་ཁས་ས་རེས་གཟའ་མིག་དམར་ལ་འགོ་འཛུགས་ཡོད་པ་དང་ཀཱཛཱགིསྟཱན་རྒྱལ་ནང་གི་ཨལ་མ་ཊི་ནས་ཀི་ལོ་མི་ཊར་༡༧༥ ཙམ་གྱི་ཐག་རིང་དུ་ཡོད་པའི་ཨོ་ཊར་ས་ཁུལ་དུ་དམག་སྦྱོང་དེ་བྱེད་ཡོད་སྐོར་གསུངས་འདུག།