ཉིན་བཅུའི་རིང་གི་གཱནེཤ་ཅཱཏུརཐི་དུས་ཆེན་འགོ་འཛུགས་པ།

ཉིན་བཅུའི་རིང་གི་གཱནེཤ་ཅཱཏུརཐི་དུས་ཆེན་འགོ་འཛུགས་ཡོད་པ་རེད་འདུག།   དེའང་དུས་ཆེན་འདི་ནི་ཧིནདུའི་ལྷ་གཱནེཤ་ཀྱི་སྐྱེས་སྐར་ཉིན་མོ་ཡིན་པ་རེད་འདུག།

དེ་སྔོན་ད་དུང་དབུས་གཞུང་གིས་མངའ་སྡེའི་གཞུང་ལ་དུས་ཆེན་གྱི་དུས་ཚོད་འགྲོ་བཞིན་པ་དེའི་སྐབས་སུ་དྲག་སྤྱོད་པས་འཐབ་རྒོལ་བྱེད་སྲིད་པ་དང་གཞན་གནོད་པ་ཅན་གྱི་མིས་ཞི་བདེ་མེད་པ་བཟོས་པ་དང་ལུང་པའི་ནང་དུ་རིགས་འདྲ་མིན་ཡོད་པའི་དབར་ལ་འཁྲུག་རྫིང་ཡོང་ཆེད་དུ་ལས་ཀ་བྱེད་སྲིད་པས་ད་དུང་སྤྱང་གྲུང་དོད་པོ་མང་བ་བྱེད་དགོས་པའི་རེ་མོལ་གནང་ཡོད་པ་རེད་འདུག།

གནས་ཚུལ་ལྟར་ན་ནང་སྲིད་བློན་ཆེན་ལྷན་ཚོགས་ཀྱིས་མངའ་སྡེའི་འཛིན་སྐྱོང་རྣམས་སུ་མི་མང་པོ་འཛོམས་ས་དང་ཆོས་ཀྱི་གནས་སུ་དྲག་སྤྱོད་པའི་འཐབ་རྒོལ་མ་ཡོང་ཆེད་དུ་སྐོར་སྲུང་ད་དུང་མང་བ་གཏོང་དགོས་པའི་རེ་མོལ་གནང་ཡོད་པ་རེད་འདུག།