སུཤམཱ་སྭཱརཱཇ་མཆོག་དེ་རིང་ནས་ཉིན་གཉིས་ཀྱི་རིང་མོས་ཀོ་འཚམས་གཟིགས་སུ་ཕེབས་ཡོད་པ།

ཕྱི་སྲིད་བློན་ཆེན་སུཤམཱ་སྭཱརཱཇ་མཆོག་དེ་རིང་ནས་ཉིན་གཉིས་ཀྱི་རིང་མོས་ཀོ་འཚམས་གཟིགས་སུ་ཕེབས་ཡོད་པ་རེད་འདུག།

ཁོང་གི་འཚམས་གཟིགས་དེའི་སྐབས་བློན་ཆེན་མཆོག་གིས་འཕྲུལ་ལས་དང་ཚོང་དཔལ་འབྱོརམཉམ་སྦྲེལ་ཐོག་རྒྱ་གར་རུ་སུ་དབར་གྱི་གཞུང་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུར་བཅར་རྒྱུ་ཡིན་པ་དང་ཚོགས་འདུ་དེར་ལྕམ་སྐུ་སྭཱརཱཇ་མཆོག་དང་རུ་སུའི་གཞུང་གི་སྲིད་བློན་གཞོན་པ་སྐུ་ཞབས་ཡུ་རི་བོ་རི་སོ་ཝི་མཆོག་གིས་གཙོ་འཛིན་གནང་རྒྱུ་ཡིན་པ་རེད་འདུག།