ཀཊ་མན་གྲུ་ནས་བྷོཌ་ག་ཡཱ་བར་སྤྱི་སྤྱོད་སྣུམ་འཁོར་གྱི་ཞབས་ཞུ་འགོ་ཚུགས་པ།

༄། བལ་ཡུལ་གྱི་རྒྱལ་ས་ཀཊ་མན་གྲུ་ནས་བྷི་ཧར་གྱི་གྲོང་འཁྱེར་་བྷོཌ་ག་ཡཱ་བར་སྤྱི་སྤྱོད་སྣུམ་འཁོར་གྱི་ཞབས་ཞུ་འགོ་ཚུགས་གནང་འདུག་

ཁས་ས་ཕྱི་དྲོ་བལ་ཡུལ་གྱི་རྒྱལ་ས་ཀཊ་མན་གྲུ་ནས་སྣུམ་འཁོར་ཞབས་ཞུ་དེ་བལ་ཡུལ་གྱི་འགྲིམ་འགྲུལ་དང་མ་འཛུགས་བློན་ཆེན་རགྷ་གུ་བིར་མཱ་ཧ་དེཐ་དང་རྒྱ་གར་གྱི་བལ་ཡུལ་སྐུ་ཚབ་དོན་གཅོ་མན་ཇིཝསིང་པུ་རི་གཉིས་ཀྱི་སྤྱི་སྤྱོད་སྣུམ་འཁོར་ཞབས་ཞུ་ཐོག་མ་དབུ་འཛུགས་དེ་ཆ་འགྲེངས་འདུག་ ཞབས་སྟེགས་45 གྲངས་གློག་ལྡན་པའི་ཌི་ལག་སེ་སྦ་སེ་ཞབས་ཞུ་དེ་རྒྱལ་ས་ཀཤ་མན་གྲུ་ནས་བྷིཌ་གྷ་ཡ་གཉིས་བར་གྱི་རྒྱང་ཚད་ཀི་ལོ་མོ་ཊར་660 དེ་ཆུ་ཚོད་16 ནང་མཇུག་སྐྱེལ་གནང་རྒྱུ་ཡིན་འདུག་གོ།