ཁྲིམས་དཔོན་རན་ཇན་གྷོ་གོའི་མཆོག་རྒྱ་གར་གྱི་ཁྲིམས་དཔོན་གཙོ་འཛིན་རྗེས་མ་ཆགས་རྒྱུ་ཡིན་པ།

༄། རེས་གཟའ་ཕུར་བུར་ཁྲིམས་སྲོལ་ལྷན་ཁང་གིས་ཁྲིམས་དཔོན་རན་ཇན་གྷོ་གོའི་མཆོག་རྒྱ་གར་གྱི་ཁྲིམས་དཔོན་གཙོ་འཛིན་རྗེས་མར་བསྐོ་བཞག་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག་

སྐུ་ཞབས་རན་ཇན་མཆོག་ད་ལྟའི་ཁྲིམས་དཔོན་གཙོ་འཛིན་རྡི་པཀ་ཤར་མཱ་ཡིས་རྗེས་མཐུད་གནང་རྒྱུ་ཡིན་འདུག་ དེ་ཡང་སྐུ་ཞབས་རྡིབཔཀ་མིས་རཱ་མཆོག་ཟླ་བ་རྗེས་མའི་ཚེས་2 ལ་རྒས་ཡོལ་ཞུ་རྒྱུ་ཡིན་འདུག་ ཁྲིམས་དཔོན་གྷོ་གོའི་ནི་ཆེས་མཐོའི་ཁྲིམས་ཁང་ནང་ཁྲིམས་དཔོན་མིས་རཱ་རྗེས་རྒན་ཤོས་ཡིན་འདུག་ ཁོ་བོས་རྗེ་སམ་ཟླ་བའི་ཚེས་3 ནས་ཁྲིམས་དཔོན་གཙོ་འཛིན་གྱི་འགན་འཁུར་བཞེས་ནས་ཟླབ་བཅུ་གསུམ་ལྷག་གནང་རྒྱུ་ཡིན་འདུག་གོ།