ཇ་མུ་ཀཤ་མིར་དུ་དམག་མི་ཡིས་དམག་དོན་ལས་གཞི་མི་འདྲ་བ་གཉིས་སྤེལ་སྟེ་འཇིག་སྐུལ་དྲག་སྤྱོད་པ་བརྒྱད་གསོད་པ།

༄། རེས་གཟའ་ཕུར་བུར་ཇ་མུ་ཀཤ་མིར་དུ་དམག་མི་ཡིས་ཀུཔ་ཝ་ར་དང་བྷ་རཱ་མུ་ལཱ་གཉིས་ལ་དམག་དོན་ལས་གཞི་མི་འདྲ་བ་གཉིས་སྤེལ་སྟེ་འཇིག་སྐུལ་དྲག་སྤྱོད་པ་བརྒྱད་གསོད་འདུག་

དེ་ཡང་ཀེ་རན་སེཀ་ཊར་གྱི་ཀུཔ་ཝ་རཱ་རྫོང་གི་ཨེལ་ཨོ་སི་ས་མཚམས་སུ་གཔས་འཛིན་དཀའ་བའི་འཇིག་སྐུལ་དྲག་སྤྱོད་པ་གསུམ་དང་དམག་དཔུང་བར་མེ་འཕེན་རྒོལ་འཛིངས་ཆེན་པོ་བྱུང་སྟེ་འཇབ་ཛུལ་འགོག་ཐུབ་པ་བྱུང་འདུག་ དམག་དཔུང་གི་མཚོན་དན་གྱི་འཇིག་སྐུལ་དྲག་སྤྱོད་པ་རྣམས་ཀྱི་ཕུང་པོ་ཨེལ་ཨཔ་སི་ས་མཚམས་ཀྱི་ཉེ་འགྲམ་དུ་ལུས་ཡོད་པ་དང་ཇབ་འཛུལ་འགོག་པའི་དམག་དོན་ལས་གཞི་ད་དུང་འགྲོ་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་འདུག་ དེ་རིང་སྔ་དུས་སུ་པ་ཀིས་ཐན་གྱི་ཇེཤ་ཨེ་མུ་ཧཱ་མདྷ་འཇིག་སྐུལ་དྲག་སྤྱོད་ཚོགས་པའི་དྲག་སྤྱོད་པ་གཉིས་བྷ་ར་མི་ལཱ་རྫོང་གི་ཤེཀ་པོ་རཱ་སོ་པོ་རེ་ས་གནས་སུ་དམཧ་དཔུང་གིས་གསོད་འདུག་ ས་གནས་ཉེན་རྟོག་པས་གསོད་པའི་དྲག་སྤྱོད་པ་གཉིས་ལས་གཙིག་ཉེ་ཆར་སོ་པོ་རེ་ས་གནས་སུ་IED བར་གས་ཀྱིས་ཉེན་རྟོག་པ་བཞི་གསོད་པའི་དྲག་སྤྱོད་ཀྱི་བྱུས་པ་གཙོ་ཡིན་པ་གསལ་བསྒྲགས་གནང་འདུག་གོ།