མ་ལི་རྒྱལ་ནང་དུ་གཙང་པོའི་ནང་དུ་འོར་འདྲེན་རླངས་འཁོར་ལྷུང་བས་མི་༢༠ འདས་གྲོངས་སུ་ཕྱིན་པ།

མ་ལི་རྒྱལ་ནང་དུ་གཙང་པོའི་ནང་དུ་འོར་འདྲེན་རླངས་འཁོར་ལྷུང་བས་མི་༢༠ འདས་གྲོངས་སུ་ཕྱིན་ཡོད་པ་རེད་འདུག།   དེའང་ཁས་ས་རེས་གཟའ་ཕུརབུར་མ་ལི་གཞུང་གིས་གསུངས་དོན་དུ་མི་མང་པོ་འཁྱེར་བའི་འོར་འདྲན་གྱི་རླངས་འཁོར་དེ་འཁོར་ལོའི་ཁ་འགོག་མ་ཐུབ་པས་གཙང་པོ་ནང་ལྷུང་ནས་མི་༢༠ འདས་གྲོངས་སུ་ཕྱིན་པའི་སྐོར་གསུངས་འདུག།

རྐྱེན་ཉེན་དེ་ནི་དབུས་ས་ཡེ་ས་ཁུལ་ལ་རེས་གཟའ་ཟླ་བའི་ཕྱི་དྲོར་བྱུང་ཡོད་པའི་སྐོར་གསལ་བསྒྲགས་ཀྱི་ནང་དུ་གསུངས་འདུག།