ཝེནཀཱཡཱ་ནཻཌུ་མཆོག་སེར་བི་ཡ་དང་ལམ་ཊ་དང་རོ་མ་ནི་ཡ་བཅས་རྒྱལ་ཁབ་གསུམ་ལ་འཚམས་གཟིགས་ཀྱི་ཆེད་དུ་དེ་རིང་ཕེབས་རྒྱུ་ཡིན་པ།

སྲིད་འཛིན་གཞོན་པ་ཝེནཀཱཡཱ་ནཻཌུ་མཆོག་སེར་བི་ཡ་དང་ལམ་ཊ་དང་རོ་མ་ནི་ཡ་བཅས་རྒྱལ་ཁབ་གསུམ་ལ་འཚམས་གཟིགས་ཀྱི་ཆེད་དུ་དེ་རིང་ཕེབས་རྒྱུ་ཡིན་པ་རེད་འདུག།   དེའང་ཁོང་རང་གི་རྒྱལ་ཁབ་གསུམ་པོར་ཉིན་མ་བདུན་གྱི་རིང་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་དང་དང་པོར་རྒྱལ་ཁབ་སེར་བི་ཡ་ལ་ཕེབས་ཏེ་རྒྱལ་ཁབ་ཀྱི་དབུ་འཁྲིད་རྣམས་ཀྱི་ལྷན་དུ་མཇལ་ཕྲད་གནང་རྒྱུ་ཡིན་པ་རེད་འདུག།   དེའང་རྒྱལ་ས་ལྡི་ལིར་ཕྱི་སྲིད་བློན་ཆེན་ལྷན་ཁང་གི་ཟུང་འབྲེལ་དྲུངཆེ་ཌོག་ཊོར་ཨནཇུ་ཀུམཱར་མཆོག་གིས་སྲུདའཛིན་གཞོན་པའི་རྒྱལ་ཁབ་གསུམ་པོ་དེར་འཚམས་གཟིགསཀྱི་སྐབས་སུ་བསོད་ནམས་ལས་དོན་དང་ཡུལ་སྐོར་སྤྲོ་འཆམ་པའི་ལས་དོན་དང་གཞན་ལས་དོན་དུ་མའི་ཐོག་གྲོས་མཐུན་ལ་མཚན་རྟགསགནང་རྒྱུ་ཡིན་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག།