རྒྱ་གར་གྱིས་བྷང་ལ་དེ་ཤིར་ལྕགས་ལམ་དང་གློག་ཤུགས་མཁོ་གཏོང་ལས་འཆར་སྤེལ་བ།

དུས་བཟང་གི་འགྱུར་བ་ཞིག་གི་ནང་རྒྱ་གར་སྲིད་བློན་ན་རེནྡྲ་མོ་དི་དང་བྷང་ལ་དེ་སིའི་བབ་མཚུངས་ཤེག་ཧ་སི་ན་གཉིས་མཉམ་འདུས་ཐོག་ནུབ་བྷེང་གྷོལ་གྱི་སྤྱི་ཁྱབ་བློན་ཆེན་མ་མ་ཏ་བྷ་ནར་ཇི་དང་ཏྲི་པུ་རའི་སྤྱི་ཁྱབ་བློན་ཆེན་བྷིབ་ལབ་ཀུ་མར་ཌེབ་གཉིས་དང་ལྷན་དུ་ཡར་རྒྱས་ལས་འཆར་གསུམ་དབུ་འབྱེད་གནང་ཡོད།

བྷང་ལ་དེ་ཤིའི་འཕེལ་རྒྱས་ལ་ལ་དམིགས་པའི་ལས་འཆར་དེ་དག་ནང་རྒྱ་གར་ནས་བྷང་ལ་དེ་ཤིར་གློག་ཤུགས་(MW) ༥༠༠ འཕར་སྣོན་མཁོ་གཏོང་བྱ་རྒྱུ་དང་། ལྕགས་ལམ་ལས་འཆར་གཉིས་སྟེ། ཨག་ཧོ་ར་ནས་ཨ་གྷར་ཏ་ལ་བར་གྱི་ལྕགས་ལམ་དང་བྷང་ལ་དེ་ཤིའི་མེ་འཁོར་ལྕགས་ལམ་གྱི་སྡེ་ཚན་ཀུ་ལོ་ར་ཤ་བྷཛ་པུར་བསྐྱར་བསྐྱར་གསོ་བྱ་རྒྱུ་བཅས་ཡིན་པ་དང་། དེ་གཉིས་ཀ་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་གྱི་ཚོང་ལས་དང་ལྕགས་ལམ་འབྲེལ་མཐུད་མུ་མཐུད་ཡར་རྒྱས་གཏང་རྒྱུའི་དམིགས་ཡུལ་ཡིན་པ་རེད།

གལ་ཆེའི་ལས་འཆར་ཁག་གསུམ་བརྙན་ལམ་ནས་དབུ་འབྱེད་བྱས་པ་དེས་དྷི་ལི་གསར་པ་དང་ད་ཀའི་འབྲེལ་ལམ་མུ་མཐུད་སྲ་བརྟན་དུ་གཏང་རྒྱུ་ཡིན་པ་རེད། སྲིད་བློན་མོ་དི་མཆོག་གིས་དབུ་འབྱེད་རྗེས་སུ་ཊི་ཝི་ཊར་ནང་། འཚོ་བ་ཡར་རྒྱས་དང་། འབྲེལ་མཐུད་ཤུགས་ཆེ། རྒྱ་གར་དང་བྷང་ལ་དེ་ཤིའི་འབྲེལ་ལམ་ཡར་རྒྱས་ཞེས་བཀོད་ཡོད་པ་རེད། དེའི་ཐོག་ནས་ལས་འཆར་དེ་གསུམ་གྱི་གལ་གནད་མཚོན་གྱི་ཡོད།

རྒྱ་གར་གྱིས་ད་ཡོད་བེ་ར་མ་ར་ ༼བྷང་ལ་དེ་ཤིའི་ནང་ཡོད་པ་༽ དང་ བཧ་རམ་པུར་ ༼རྒྱ་གར་ནང་ཡོད་པ་༽ གློག་གཏོང་ཐག་སྐུད་རྒྱུད་ནས་གློག་ཤུགས་ ༥༠༠ ཁ་སྣོན་མཁོ་གཏོང་བྱ་རྒྱུ༷འི་ཐག་གཅོད་དེའི་ཐོག་ནས་བྷང་ལ་དེ་ཤི་དེ་ཉིད་སྤྱི་ལོ་ ༢༠༢༡ ཚུན་དུ་ཡོང་བབ་འབྲིང་བའི་རྒྱལ་ཁབ་དང་སྤྱི་ལོ་ ༢༠༤༡ ཚུན་དུ་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཆགས་རྒྱུའི་འགྲུུལ་བཞུད་ཁྲོད་དུ་ཟླ་གྲོགས་ཆགས་རྒྱུའི་འདུན་པ་ཡོད་པ་མངོན་གྱི་ཡོད་པ་དེ་བཞིན་སྲིད་བློན་མོ་དི་མཆོག་གིས་དབུ་འབྱེད་མཛད་སྒོའི་གཏམ་བཤད་སྐབས་ལ་ནན་བཤད་གནང་བ་ཞིག་རེད།

སྲིད་བློན་ཤེག་ཧ་སི་ན་མཆོག་གིས་འབྱུང་འགྱུར་བགྲང་ཆ་ཁ་ཤས་ནང་རྒྱལ་ཁབ་དེ་ཉིད་ཡོང་བབ་འབྲིང་བའི་རྒྱལ་ཁབ་ནས་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཏུ་བསྒྱུར་རྒྱུའི་འཕེལ་རྒྱས་དམིགས་ཡུལ་བཟུང་བ་དེར་བསྔགས་བརྗོད་གནང་ཡོད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་ཤི་མ་སྭ་རཱཇ་མཆོག་དང་བྷང་ལ་དེ་ཤིའི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱིས་ཀྱང་དྷི་ལི་གསར་པ་དང་ད་ཀ་གཉིས་སོ་སོ་ནས་བརྙན་ལམ་ཚོགས་འདུར་མཉམ་བཞུགས་གནང་ཡོད་པ་རེད།

སྲིད་བློན་མོ་དི་མཆོག་གིས་གློག་ཤུགས་མཁོ་གཏོང་ལེགས་གྲུབ་བྱུང་རྗེས་སུ་བྷང་ལ་དེ་ཤིར་ཁྱོན་བསྡོམས་གློག་ཤུགས་མཁོ་གཏོང་བྱེད་ཚད་དེ་གྷི་གྷ་ཝཊ་ ༡.༡༦ ཟིན་གྱི་ཡོད་པ་རེད། མེ་གྷ་ཝཊ་ནས་གྷི་ག་ཝཊ་རུ་འཕེལ་རྒྱས་ཕྱིན་པའི་འགྲུལ་བཞུད་དེ་རྒྱ་གར་དང་བྷང་ལ་དེ་ཤིའི་འབྲེལ་ལམ་ནང་རིན་ཐང་བྲལ་བའི་དུས་སྐབས་ཤིག་ཡིན་ཚུལ་གསུངས་ཡོད།

རྒྱ་གར་སྲིད་བློན་མཆོག་གིས་ཨ་ཧོ་ར་དང་ཨ་གྷར་ཏ་ལ་དབར་གྱི་ལྕགས་ལམ་མཐུད་སྦྱོར་སྐོར་སྐད་ཆ་བཤད་སྐབས་ལྕགས་ལམ་དེའི་ཐོག་ནས་རྒྱལ་ཁབ་གཉིས་དབར་ལ་ས་མཚམས་ཕན་ཚུན་གྱི་འབྲེལ་མཐུད་འཕར་མ་ཞིག་སྦྱིན་རྒྱུ་ཡིན་སྐོར་གསུངས་ཡོད། སྐུ་ཞབས་མོ་དིས། རྒྱལ་ཁབ་གཉིས་དབར་ལ་འབྲེལ་ལམ་ཐག་ཇི་ཉེ་དང་མིའི་དབར་གྱི་འབྲེལ་ལམ་དེས་ང་ཚོའི་འཕེལ་རྒྱས་དང་གྲུབ་འབྲས་མཐོ་ཚད་གསར་པ་ཞིག་ཏུ་འདྲེན་ངེས་རེད་ཅེས་གསུངས་ཡོད། ཁོང་གིས། འདས་པའི་ལོ་ཤས་ནང་དམིགས་ཡུལ་དེའི་ཐོག་ལ་ཡར་རྒྱས་བརྟན་པོ་ཞིག་བྱུང་ཡོད་ཅེས་གསུངས་ཡོད། མ་ཟད་ཁོང་གིས། ལས་འཆར་འདི་གད་གསུམ་དབུ་འབྱེད་བྱས་པའི་ཐོག་ནས་རྒྱ་གར་དང་བྷང་ལ་དེ་ཤི་གཉིས་ཀར་རྒྱལ་ཁབ་གཉིས་དབར་གྱི་གློག་ཤུགས་དང་ལྕགས་ལམ་འབྲེལ་མཏུད་ཆེ་རུ་ཕྱིན་ཡོད་པ་རེད་ཅེས་གསུངས་ཡོད།

བྷང་ལ་དེ་ཤིར་གློག་ཤུགས་འཕར་མ་མཁོ་གཏོང་བྱས་པ་དང་། ཏྲི་པུ་རའི་ནང་གི་ཨ་གྷར་ཏ་ལ་དང་བྷང་ལ་དེ་ཤིའི་ནང་གི་ཨ་ཧོ་རའི་དབར་གྱི་ལྕགས་ལམ་འཛུགས་བསྐྲུན་བྱས་པ། བྷང་ལ་དེ་ཤིའི་མེ་འཁོར་ལྕགས་ལམ་གྱི་ཀུ་ལོ་ར་དང་ཤཧ་བྷཛ་པུར་སྡེ་ཚན་བསྐྱར་གསོ་བྱས་པ་བཅས་ཀྱིས་རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། རྒྱལ་ཁབ་གཉིས་ཀས་ཕན་ཚུན་གྱི་འཕེལ་རྒྱས་ཁྲོད་ནས་ཁེ་ཕན་ཐོབ་ཐབས་བྱེད་ཀྱི་ཡོད།

མེ་འཁོར་ལྕགས་ལམ་དེ་དག་གིས་ད་བར་སྣང་མེད་དུ་བཞག་པའི་རྒྱལ་ཁབ་ཀྱི་ས་ཁུལ་ཁག་ཏུ་ཚོང་ལས་དང་འཕེལ་རྒྱས་ཆེ་རུ་ཡོང་ཕྱིར་ལྕགས་ལམ་ཐོག་ནས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་བྷང་ལ་དེ་ཤི་དང་ལྷོ་ཤར་ཨེ་ཤི་ཡར་འབྲེལ་མཐུད་བྱ་འཆར་ཡོད་པ་རེད།

རྒྱལ་ཁབ་གཉིས་ཀྱི་སླར་གསོ་བྱ་རྒྱུ་ཡིན་པའི་བྷང་ལ་དེ་ཤིའི་ལྕགས་ལམ་གྱི་ཀུ་ལོ་ར་དང་ཤཧ་བྷཛ་པུར་སྡེ་ཚན་དེ་བཞིན་རྒྱ་གར་ཁ་བྲལ་མ་སོང་བའི་སྔ་རོལ་ནས་ཡོད་པ་ཞིག་རེད། ལྕགས་ལམ་དེ་བསྐྱར་གསོ་བྱུང་མཚམས་སུ་ལྷོ་ཨེ་ཤི་ཡ་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་འབྲེལ་མཐུད་བྱེད་པའི་ཨེ་ཤི་ཡ་ཕན་ཚུན་གྱི་ལྕགས་ལམ་གལ་ཆེན་ཞིག་ཆགས་རྒྱུ་རེད།

ཀི་ལོ་མི་ཊར་ ༡༥.༥ ཡོད་པའི་ཨ་ཧོ་ར་དང་ཨ་གྷར་ཏ་ལའི་ལྕགས་ལམ་དེས་འཛམ་གླིང་ནང་བྲེལ་བ་ཚ་ཤོས་སུ་གྲགས་པའི་ཅི་ཏ་གྷོང་གྲུ་ཞིགས་རྒྱུས་ནས་རྒྱ་གར་དང་བྷང་ལ་དེ་ཤིའི་དབར་ཚོང་ལས་མང་དུ་གཏོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། སྤྱི་ལོ་ ༢༠༡༠ ལོར་སྲིད་བློན་ཤེག་ཧ་སི་ན་མཆོག་རྒྱ་གར་ལ་ཕེབས་སྐབས་ཐག་གཅོད་གནང་བའི་ལྕགས་ལམ་འབྲེལ་མཐུད་ལས་འཆར་དེ་བྷང་ལ་དེ་ཤིའི་ཨ་ཧོ་ར་རྒྱུད་ནས་ཀོལ་ཀོ་ཏར་སླེབས་རྒྱུ་ཡིན་སྟབས་ནུབ་བྷེང་གྷོལ་དང་། ཏྲི་པུ་ར། ཨ་སམ་བཅས་ལ་རྒྱང་ཐག་དང་འགྲུལ་བཞུད་དུས་ཚོད་ཐུང་དུ་གཏོང་རྒྱུ་ཡིན་པ་རེད། ཚང་མ་འཆར་གཞི་ལྟར་ལེགས་གྲུབ་བྱུང་ཚེ་ལས་འཆར་དེ་ལོ་གཉིས་ནང་ཚུད་ལ་བེད་སྤྱོད་བྱ་ཐུབ་རུང་ཆགས་རྒྱུ་ཡིན་པ་རེད།

གལ་གནད་ཆེ་བ་ཞིག་ལ། སྲིད་བློན་མོ་དི་མཆོག་གིས་རྒྱ་གར་དང་བྷང་ལ་དེ་ཤིའི་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་ཚོང་ལས་དེ་འགྲན་ཟླའི་དཔེ་མཚོན་དུ་འགོད་རྒྱུ་ཡིན་པ་ནི། ཁོང་གིས། ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་དབར་ལ་ཕན་ཚུན་སྐད་ཆ་བཤད་རེས་དང་ཕྱོགས་ཕེབས་ཡང་སེ་བྱེད་པ་བཅས་ཀྱི་ཐོག་ནས་ཁྱིམ་མཚེས་ལྟ་བུའི་འབྲེལ་ལམ་ཞིག་དགོས་ཀྱི་ཡོད་ཅེས་གསུངས་ཡོད།

མ་ཟིན། དི་པན་ཀར་ཅ་ཀར་བོར་ཏི།་སི་ཊེཙ་མན་གྱི་དམིགས་བསལ་འབྲེལ་མཐུད་པ།