རྒྱ་གར་གྱི་ཕྱི་ཚོང་དངོས་ཟོག་ཟླ་བ་གསུམ་ནང་ལོ་རྒྱུས་ཅན་གྱི་མྱུར་ཚད་འཕེལ་རྒྱས་བརྒྱ་ཆ་19% རུ་འཕར་བ།

༄། རྒྱ་གར་གྱི་ཕྱི་ཚོང་དངོས་ཟོག་རྡོ་སྣུམ་དངོས་ཟོག་དང་བཟོ་སྐྲུན་ལས་རིག་དང་སམན་ནོར་རྒྱན་སོགས་མཚོ་ཐོག་དོངས་ཟོག་སྐྱེལ་འདྲེན་ཟླ་བ་གསུམ་ནང་ལོ་རྒྱུས་ཅན་གྱི་མྱུར་ཚད་འཕེལ་རྒྱས་ཨ་རི་གྲོ་ལར་ཐེར་འབུམ་27.84 རུ་འཕར་ཡོད་འདུག་

དེ་ཡང་ཚོང་ལས་ལྷན་ཁང་གིས་གྲོངས་ཐོ་འགྲེམས་སྤེལ་ཞུས་པ་ལྟར་ན་ཕྱི་རྒྱལ་ཁག་ཏུ་མཚོ་ཐོག་དངོས་ཟོག་སྐྱེལ་འདྲེན་འདས་པའི་ཟླ་བ་གསུམ་ནས་མྱུར་ཚད་འཕེལ་རྒྱས་བརྒྱ་ཆ་19% འཕར་ཡོད་འདུག་ ཕྱི་ཟླ་ལྔ་པའི་ནང་དངོས་ཟོག་སྐྱེལ་འདྲེན་གྱི་འཕེལ་རྒྱས་བརྒྱ་ཆ་20.18% སླེབས་ཡོད་འདུག་

དྭངས་སྙིག་མ་དྦཡེ་བའི་རྡོ་སྣུམ་གྱི་རིན་སྒོང་འཕར་སྟེ་ནང་འདྲེན་དངོས་ཟོག་ཡང་བརྒྱ་ཆ་25.41% ནས་45.24% རུ་འཕར་ཡོད་དོ།