དེ་རིང་རྒྱལ་ས་ལྡི་ལིར་དམག་མིའི་ཀོ་མན་ཌར་གྱི་ཚོགས་ཆེན་འགོ་བཙུགས་རྒྱུ་ཡིན་པ།

དེ་རིང་རྒྱལ་ས་ལྡི་ལིར་དམག་མིའི་ཀོ་མན་ཌར་གྱི་ཉིན་བདུན་ཚོགས་ཆེན་འགོ་བཙུགས་རྒྱུ་ཡིན་པ་རེད་འདུག།   དེའང་ཚོགས་ཆེན་གྱི་ནང་དུ་འཛིན་སྐྱོང་དང་ལས་འགུལ་དང་དངོས་ཟོག་འོར་འདྲེན་དང་མིའི་ནུས་སྟོབས་དང་འབྲེལ་བའི་གནད་དོན་དུ་མའི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་འདུག།   དེའང་ཚོགས་ཆེན་དེ་ནི་འདི་ལོའི་ཕྱི་ཟླ་༤ ནང་དུ་ཚོགས་ཡོད་པ་རེད་འདུག།